རང་རེའི་ཞིང་ཆེན་གྱི་སྡེ་ཁག་སོ་སོས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས།

མཁའ་འགྲོ་མཚོས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 07-09


        བསྟུད་མར་ཉིན་ཤས་རིང་ལ། རང་ཞིང་གི་སྡེ་ཁག་སོ་སོས་མུ་མཐུད་དུ་ཏང་རྩ་འཛུགས་ཀྱི་ཚོགས་འདུ་དང་ལྟེ་གནས་ཚོ་ཆུང་གི་ཚོགས་འདུ། ཆེད་དོན་ཚོགས་འདུ་སོགས་རྣམ་པ་མི་འདྲ་བའི་ཚོགས་འདུ་སྐོང་འཚོགས་བྱས་པ་བརྒྱུད་ནས། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་མ་ཟད། ལག་ལེན་དོན་ཁྱོལ་གྱི་བྱེད་ཐབས་ཐད་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཞིང་ཆེན་སྲིད་གཞུང་གི་འགོ་འཛིན་གཞོན་པ་དང་སྤྱི་བདེ་ཐིང་གི་ཐིང་ཀྲང་ཡེ་ཧན་པིན་འབྲེལ་ཡོད་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་།
        ཞིང་ཆེན་ཏང་ཨུའི་བསྒྱུར་བཅོས་གཞུང་ལས་ཁང་གིས་ཆེད་དོན་ཚོགས་འདུ་འཚོགས་ཏེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་བརྒྱད་བསྒྲགས་དང་སློབ་སྦྱོང་བྱས། གྲོས་ཚོགས་ཐོག་ནན་གྱིས་བསྟན་དོན། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གྱི་ངོ་བོར་གོ་བ་གཏིང་ཟབ་བླངས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་གྱི་ལས་ཀའི་ཐད་བཏོན་པའི་གལ་ཆེའི་མཛུབ་སྟོན་དང་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་དང་། ཕྱོགས་ཡོངས་ནས་ཞིང་ཆེན་ཏང་ཨུའི་ཐབས་ཇུས་འཆར་བཀོད་དང་བཀོད་སྒྲིག་གི་བླང་བྱའི་ཐོག་གཅིག་གྱུར་ཡོང་བ་བཅས་བྱས་ཏེ། ཕྱོགས་གཅིག་ནས་གོ་རིམ་ལྡན་པའི་ངང་སློབ་སྦྱོང་བྱེད་པ་དང་ཁྱོན་ཡོངས་ནས་ཁོང་དུ་ཆུད་པར་བྱ་དགོས་པ་མ་ཟད། གཙོ་གནད་འབུར་དུ་ཐོན་པར་བྱས་ཏེ་གནད་འགག་དམ་འཛིན་བྱེད་པ། ཚང་འཛོམས་གྲོས་ཚོགས་ཐོག་བཏོན་པའི་བཀོད་སྒྲིག་གལ་ཆེན་ལ་དམིགས་ནས་གཙོ་གནད་ལས་འགན་དམ་འཛིན་བྱས་ཏེ་དོན་འཁྱོལ་ལེགས་པོ་བྱ་དགོས་། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་ཏུ་སྤེལ་ཏེ། ཚང་འཛོམས་གྲོས་ཚོགས་ཐོག་གསལ་བོར་བཏོན་པའི་གལ་ཆེའི་འཕེལ་རྒྱས་ཀྱི་ཐབས་ཇུས་ནང་བཞིན་གཞི་རིམ་དུ་ཟབ་ཞུགས་བྱས་ཏེ་བརྟག་དཔྱད་ཞིབ་འཇུག་གི་ལས་དོན་སྤེལ་དགོས། སློབ་སྦྱོང་ཆེན་མོ་དང་གྲོས་བསྡུར་ཆེན་མོ། བརྟག་དཔྱད་ཆེན་མོ་སོགས་ཀྱི་བྱེད་སྒོ་གཏིང་ཟབ་ཏུ་སྤེལ་ཏེ། གལ་ཆེའི་ལས་ཀའི་འོས་འགན་རྒྱས་ཀྱི་འཐབ་ཇུས་གལ་ཆེན་ལ་གཞིགས་ནས་ལས་འགན་རེ་རེ་བཞིན་ཁག་བགོས་ཏེ་རིམ་བཞིན་དོན་འཁྱོལ་གང་ལེགས་བྱ་དགོས། ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ལས་དོན་ལ་སྐུལ་འདེད་སྐུལ་འདེད་ནན་མོ་བཏང་སྟེ། ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་ལྟར་གོམ་གང་མདུན་སྤོས་ཀྱིས་བཅོས་བསྒྱུར་གྱི་ཟབ་ཚད་དང་ཤུགས་ཚད་ཇེ་ཆེར་བཏང་སྟེ། བཅོས་བསྒྱུར་གྱི་རིགས་སོ་སོའི་གལ་ཆེའི་ལས་འགན་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏང་དགོས།
        ཞིང་ཆེན་སྤྱི་བདེ་ཐིང་གིས་ཐིང་ཏང་ཨུའི་གྲོས་ཚོགས་འཚོགས་ཏེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། གྲོས་ཚོགས་ཀྱིས་ནན་གྱིས་བསྟན་དོན། ཉེན་ཁ་སྔོན་འགོག་དང་བདེ་འཇགས་ཁག་ཐེག འཕེལ་རྒྱས་སྲུང་སྐྱོབ་ལས་ཀའི་སྲོག་ཤིང་ལ་དམིགས་ནས། བཅོས་བསྒྱུར་ལ་བརྟེན་ནས་ཉེན་རྟོག་པ་སྟོབས་ལྡན་དུ་འགྲོ་བ་དང་ཚན་རྩལ་ལ་བརྟེན་ནས་ཉེན་རྟོག་པའི་ལས་དོན་གོང་འཕེལ་དུ་འགྲོ་བའི་གཞི་རྐང་ལ་ཤུགས་རྒྱག་དགོས་པ་དང་གཏན་འཇགས་སྲུང་སྐྱོང་དང་འཇིགས་རྒོལ་དྲག་འགོག ནག་སེལ་གཤེད་བཅོམ། དུག་འགོག་ཨེ་འགོག་བཅས་ཀྱི་ལས་ཀ་འབུར་ཐོན་བྱས་ཏེ། གཅིག་གྱུར་འཆར་འགོད་སྒོས་ལས་ཀ་སོ་སོ་དམ་འཛིན་གང་ལེགས་བྱ་དགོས་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1