བཅའ་ཁྲིམས་སྐོར་གཟིགས་ཡག་པོ་བྱས་ནས་དགུང་སྔོན་སྲུང་སྐྱོབ་ལས་དོན་མཐའ་གཅིག་ཏུ་སྒྲུབ་དགོས་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-11


       སྐྱེ་ཁམས་དར་ན་ཤེས་དཔལ་དར། དགུང་སྔོན་དང་ས་གཙང་། དྭངས་གཙང་ཆུ་མོའི་མཛེས་སྡུག་ལྡན་པའི་ཀྲུང་གོ་དེ་རྒྱལ་ཡོངས་མི་དམངས་ཐུན་མོང་གི་རེ་བ་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། སྦག་བཙོག་མཐའ་གཅིག་ཏུ་མེད་པ་བཟོས་ཡོད། ཟླ་7ཚེས་9ཉིན། མི་དམངས་ཚོགས་ཁང་ཆེ་མོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་ཁང་དུ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཆེད་མངགས་ཚོགས་འདུ་འཚོགས་ནས། རླུང་ཁམས་ཆེན་པོའི་སྦགས་བཙོག་འགོག་བཅོས་བཅའ་ཁྲིམས་ལག་བསྟར་བྱས་ཚུལ་གྱི་སྙན་ཞུར་གྲོས་ཞིབ་བྱས་ཡོད། དོ་ཁུར་རྒྱ་ཁྱབ་བྱེད་པའི་སྙན་ཞུ་འདིས་མིག་སྔར་ས་གནས་ཁག་གི་རླུང་ཁམས་ཆེན་པོའི་སྦགས་བཙོག་འགོག་བཅོས་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས་ལག་བསྟར་གནས་ཚུལ་མཚོན་པ་དང་། གནད་ལ་འཁེལ་བའི་གྲོས་འགོ་བཏོན་ཡོད། ཟླ་2ཀྱི་གོང་ལ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་བསྟར་ཞིབ་བཤེར་ཚོགས་ཆུང་གིས་ཀྲུང་དབྱང་གིས་སེམས་ཐག་གཙང་བཅད་ངང་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་རྒྱུའི་ཐབས་ཇུས་དང་བཀོད་སྒྲིག་ལ་དམིགས་ཏེ། རླུང་ཁམས་ཆེན་པོའི་སྦགས་བཙོག་འགོག་བཅོས་བྱེད་པའི་བཅའ་ཁྲིམས་ཁྲིམས་བསྟར་ཞིབ་བཤེར་བྱ་རྒྱུ་དེ་འདི་ལོའི་ལྟ་སྐུལ་ལས་དོན་གྱི་གལ་ཆེའི་ནང་འགངས་ཆེན་ཡིན་པ་དང་། ཁྱོན་ཡོངས་དང་གཏིང་ཟབ་ངང“བཅའ་ཁྲིམས་སྐོར་གཟིགས”ཐེངས་གཅིག་སྤེལ་ཏེ། བཅའ་ཁྲིམས་ལ་བརྟེན་ནས་སྦགས་བཙོག་འགོག་བཅོས་བྱེད་པ་དང་ཁྲིམས་སྐྱོང་གི་སྟོབས་ཤུགས་ལ་བརྟེན་ནས་དགུང་སྔོན་སྲུང་སྐྱོང་བྱེད་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1