མི་རིགས་སློབ་ཆེན་གཉིས་ཀྱི་སྐད་གཉིས་ཁྲིམས་ལུགས་འཛིན་གྲྭའི་སློབ་མ་དག་བོད་ཁུལ་དུ་བསྐྱོད་ནས་དངོས་སྦྱོང་བྱེད་རྒྱུ་ཡིན་པ།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 07-12



           ཟླ་7ཚེས་9ཉིན། ཁྲིམས་ལུགས་བོད་ཡིག་རྟེན་གཞི་འཛིན་གྲྭའི་སློབ་མ་དག་དབྱར་གནང་སྐབས་བོད་ཁུལ་དུ་བསྐྱོད་ནས་དངོས་སྦྱོང་དུ་མ་སོང་སྔོན་གྱི་སློབ་གསོ་དང་གསོ་སྦྱོང་ཚོགས་འདུ་དང་། བོད་རྒྱ་དང་དབྱིས་རྒྱ་སྐད་གཉིས་ཁྲིམས་ལུགས་འཛིན་གྲྭའི་སློབ་མ་དག་མི་རིགས་ས་ཁུལ་གྱི་ཁྲིམས་ཁང་དུ་བསྐྱོད་ནས་དངོས་སྦྱོང་དུ་མ་སོང་སྔོན་གྱི་ཚོགས་འདུ་གཉིས་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་དང་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོར་ཚོགས་པ་རེད།
           རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་དངོས་སྦྱོང་ནི་ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་མཉམ་དུ་སྤེལ་ཞིང་། དེའི་དམིགས་ཡུལ་ནི་སྐད་གཉིས་ཤེས་པའི་ཁྲིམས་དཔོན་མི་སྣ་འཇོན་ཐང་ཅན་གསོ་སྐྱོང་བྱེད་པ་དང་། རྒྱལ་ཡོངས་ཀྱི་སྐད་གཉིས་ཤེས་པའི་ཁྲིམས་དཔོན་གསོ་སྐྱོང་རྟེན་གཞིའི་རྒྱ་བསྐྱེད་བྱེད་ནུས་འདོན་སྤེལ་བྱེད་པ། ཁྲིམས་ཁང་དང་མི་རིགས་སློབ་གྲྭ་ཆེན་མོའི་བར་གྱི་འབྲེལ་འདྲིས་ལ་ཤུགས་སྣོན་བྱེད་ཅིང་། མི་རིགས་སློབ་གྲྭ་ཆེན་མོའི་སློབ་མ་ཁྲིམས་འཛིན་ལག་ལེན་གྱི་བྱ་བར་ཞུགས་པའི་ལམ་བུ་གཏོད་པ་དེ་ཡིན། 
           མ་འོངས་པའི་ཟླ་གཅིག་ལྷག་གི་རིང་། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་ཁྲིམས་ལུགས་བོད་ཡིག་རྟེན་གཞི་འཛིན་གྲྭ་ནས་ཡོང་བའི་སློབ་མ་23དང་། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ་ནས་ཡོང་བའི་བོད་རྒྱ་དང་དབྱིས་རྒྱ་སྐད་གཉིས་ཁྲིམས་ལུགས་ཆེད་ལས་ཀྱི་སློབ་མ་40སོ་སོར་བོད་ལྗོངས་དང་སི་ཁྲོན། མཚོ་སྔོན་དང་ཀན་སུའུ་བཅས་དང་། སི་ཁྲོན་ལེང་ཧྲན་དབྱིས་རིགས་རང་སྐྱོང་ཁུལ་གྱི་རིམ་པ་སོ་སོའི་ཁྲིམས་ཁང་དུ་བསྐྱོད་ནས་དངོས་སྦྱོང་བྱ་རྒྱུ་རེད།
           ཐེངས་འདིའི་དངོས་སྦྱོང་དུ་ཞུགས་པའི་སློབ་མ་རྣམས་ཀྱིས་ཀྱང་། རང་ལ་རེ་བ་ནན་མོ་བཏོན་ནས་དངོས་སྦྱོང་གི་བྱ་བ་ལེགས་པོར་འཁྱོངས་པར་བྱེད་པ་དང་། རང་གི་སློབ་སྦྱོང་གི་འབྲས་བུར་ཚད་དཔྱད་བྱས་ཏེ་སྔར་ལས་ལྷག་པའི་སྒོ་ནས་ཕ་ཡུལ་ལ་ཞབས་ཞུ་ལེགས་པོ་བསྒྲུབ་པར་འབད་པ་བྱེད་རྒྱུ་ཡིན་ཞེས་བཤད་བྱུང་། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1