ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྔོན་རྩིས་བཅའ་ཁྲིམས་སོགས་བཅའ་ཁྲིམས་མང་པོ་ཞིག་ལ་བསྒྱུར་བཅོས་གཏོང་བའི་ཡིག་ཆར་མཚན་རྟགས་བཀོད་ནས་སྤྱི་བསྒྲགས་བྱས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-02


           སྤྱི་ཟླ་8པའི་ཚེས་31ཉིན་གྱི་ཕྱི་དྲོར། པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུའི་གྲོས་ཚོགས་ཐེངས་བཅུ་པ་མཇུག་བསྡུས། གྲོས་ཚོགས་ཐོག་རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུའི་སྔོན་རྩིས་བཅའ་ཁྲིམས་ཀྱི་འབྲེལ་ཡོད་ཐག་གཅོད་དང་། ཉེན་མེད་ཐོན་སྐྱེད་བཅའ་ཁྲིམས་ལ་བསྒྱུར་བཅོས་བྱེད་པའི་འབྲེལ་ཡོད་ཐག་གཅོད། འགན་སྲུང་ལམ་ལུགས་ཀྱི་བཅའ་ཁྲིམས་ལ་བསྒྱུར་བཅོས་བྱེད་པའི་འབྲེལ་ཡོད་ཐག་གཅོད་སོགས་ཁྲིམས་ལུགས་ལྔའི་བཅོས་བསྒྱུར་ལ་བརྡས་ཐག་བཅད་ཡོད་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡིག་ཆ་ཨང་12པ་དང་13པ། 14པ་བཅས་ལ་ཀྲུའུ་ཞིའི་མཚན་རྟགས་བཀོད་དེ་སྤྱི་བསྒྲགས་གནང་ཡོད། གྲོས་ཚོགས་ཐོག་ད་དུང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུའི་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་ཀྱི་སྲིད་འཛིན་དཔོན་ཡོངས་ཁྱབ་འདེམས་བསྐོའི་གནད་དོན་དང་། 2016ལོར་ཁྲིམས་འཛུགས་གྲོས་ཚོགས་འཛུགས་པའི་ཐབས་བཀོད་བཅས་ལ་བརྡས་ཐག་བཅད་ཡོད། ཀྲང་ཏེ་ཅང་གིས་ཚོགས་འདུའི་གཙོ་སྐྱོང་གནང་།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1