ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྙན་ཞུའི་ཚོགས་འདུ་ཁྲེང་ཏུའུ་རུ་འཚོགས་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-13


        ཟླ་7པའི་ཚེས་11ཉིན་གྱི་སྔ་དྲོར། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྙན་ཞུའི་ཚོགས་འདུ་ཁྲེང་ཏུའུ་རུ་བསྡུ་ཚོགས་བྱས་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཕེང་ཆིང་ཧྭ་ཚོགས་འདུར་ཞུགས་པ་མ་ཟད་སྙན་ཞུ་ཕུལ་བ་རེད།འདི་ནི་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལས་བྱེད་པ་རྒན་པའི་བརྡ་ཁྱབ་ཚོགས་འདུའི་རྗེས་སུ་ཕེང་ཆིང་ཧྭ་ཐེངས་གཉིས་པར་སྙན་ཞུའི་ཚོགས་འདུའི་ཡུལ་དངོས་སུ་ཕེབས་པ་ཡིན། ཁྲེང་ཏུའུ་རུ་ཡོད་པའི་རྒྱལ་ཡོངས་དང་ཞིང་ཆེན་ཏང་གི་འཐུས་མི་དང་། དམངས་ཆེན་འཐུས་མི།སྲིད་གྲོས་ཀྱི་ཨུ་ཡོན། དེ་མིན་ཞིང་ཆེན་རིམ་པའི་ཐད་གཏོགས་སྡེ་ཁག་དང་མཐོ་རིམ་སློབ་གྲྭ་དང་ཞིབ་འཇུག་ཁང་།རྒྱལ་དབང་ཁེ་ལས། རིག་པའི་གཞུང་ལུགས་ཀྱི་ཇུས་འདོན་ཚོགས་པ་སོགས་ཕྱོགས་ཀྱི་འགན་ཁུར་བློ་མཐུན་དང་རིག་གཅིག་མཁས་པ། གཞུང་ལུགས་ལས་སྒྲུབ་པ་སོགས་བསྡོམས་པས་མི་1300སྙན་ཞུའི་ཚོགས་འདུ་རུ་ཞུགས་པ་རེད།
        ཕེང་ཆིང་ཧྭ་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་གྱི་ལས་དོན་ཐད་དུ་གནང་བའི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་བྱེད་པ།ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་འཐབ་ཇུས་འཆར་འགོད་དང་བཀོད་སྒྲིག་བླང་བྱ་ལ་དམ་འཛིན་ཡང་དག་བཅས་བྱས་ནས། སློབ་སྦྱོང་ཆེན་མོ་དང་བགྲོ་གླེང་ཆེན་མོ། རྟོག་ཞིབ་ཆེན་མོ་ཡི་བྱ་འགུལ་སྔར་ལས་གཏིང་ཟབ་ཏུ་བཏང་སྟེ། ཏང་ཀྲུང་དབྱང་གི་འཐབ་ཇུས་བྱེད་ཕྱོགས་ཆེན་མོ་དང་ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་འཐབ་ཇུས་ཁག་དོན་འཁྱོལ་བྱེད་པར་ཁག་ཐེག་བྱས་ནས། སི་ཁྲོན་བཅོས་སྐྱོང་དང་སི་ཁྲོན་དར་རྒྱས་གཏོང་བ་དེ་ཡང་བསྐྱར་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་བར་ནུས་ཤུགས་ཡོད་རྒུ་འདོད་དགོས་ཞེས་བསྟན་པ་རེད།
        ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་སྲིད་གཞུང་གི་འགོ་འཛིན་དབྱི་ལི་ཡིས་ཚོགས་འདུ་ལ་འགོ་འཛིན་མཛད་པ་དང་། ཞིང་ཆེན་སྲིས་གྲོས་ཀྱི་ཀྲུའུ་ཞི་ཁོ་ཙུན་ཕིང་ཚོགས་འདུ་ལ་ཞུགས་པ་རེད།
        ཕེང་ཆིང་ཧྭ་ཡིས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ནི་རང་རེའི་ཞིང་ཆེན་ཕྱོགས་སྒྱུར་རིམ་སྤར་དང་གསར་གཏོད་འཕེལ་རྒྱས། མཆོངས་སྐྱོད་འཕེལ་རྒྱས་ཀྱི་གནད་འགག་གི་དུས་སྐབས་སུ་བསྡུ་ཚོགས་བྱས་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན་པ་དང་། ཚོགས་འདུའི་དགོངས་དོན་གཙོ་བོ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་གྱི་ལས་དོན་ཐད་དུ་གནང་བའི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་སྐོར་གྱི་གཏན་ཁེལ་ཞེས་པ་དང་ཁྱོན་ཡོངས་ནས་སྤུས་ཚད་མཐོན་པོའི་འཕེལ་རྒྱས་གཏོང་བའི་སྐོར་གྱི་གཏན་འབེབས་ཞེས་པ་གཉིས་ཀྱི་ནང་དོན་མངོན་ཡོད་ཅེས་གསུངས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1