གངས་ལྗོངས་རྡོར་ལུགས་ཐང་ག་རྒྱལ་ཁབ་དངོས་མང་བཤམས་སྟོན་ཁང་དུ་འགྲེམ་སྟོན་གྱི་བྱེད་སྒོ་སྤེལ་གྲབས་ཡོད།

ཏིང་འཛིན་བཀྲ་ཤིས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཏིང་འཛིན་བཀྲ་ཤིས།ཡོང་ཁུངས། ཁམས་པའི་གསར་འགྱུར་དྲ་བ། སྤེལ་དུས། 09-03


         བོད་ལྗོངས་ལྷ་མོ་བླ་མཚོ་ཐང་ག་སྒྱུ་རྩལ་གླིང་གི་གླིང་གཙོ་སྐུ་ཞབས་རྡོ་རྗེ་དོན་གྲུབ་དང་།མཛེས་རྩལ་བཟོ་རྩལ་གྱི་སློབ་དཔོན་ཆེན་མོ་སྐུ་ཞབས་བསྟན་དགའ་རྣམ་གཉིས་ཀྱི་བློ་དང་རིག་པའི་དཔལ།ཐུགས་བསྐྱེད་དང་ལྷག་བསམ་གྱི་མཐུ་ལས་འཁྲུངས་བའི་གངས་ལྗོངས་རྡོར་ལུགས་ཐང་གའི་སྒྱུ་རྩལ་བརྩམས་ཆོས་དག་ཟླ་འདིའི་སྤྱི་ཚེས་5ཉིན་གྱི་ཞོགས་པའི་དུས་ཚོད་9དང་ཕྱེད་ཀའི་སྟེང་དུ་པེ་ཅིང་གི་རྒྱལ་ཁབ་དངོས་མང་བཤམས་སྟོན་ཁང་དུ་རི་མོ་འགྲེམ་སྟོན་གྱི་བྱེད་སྒོ་སྤེལ་འགོ་བརྩམས་རྒྱུ་རེད། པེ་ཅིང་དུ་སྡོད་པའི་རིགས་སོ་སོའི་སྤུན་ཟླ་དང་ཕྱོགས་སོ་སོའི་ལས་རིགས་འདི་ལ་དགའ་ཞེན་ཅན་གྱི་མི་སྣ་དག་དུས་ཐོག་ཏུ་ཕེབས་ཏེ་གཟིགས་སྐོར་མཛད་པར་དགའ་བསུ་ཞུས་ཤིང་།  ཚེས་3ཉིན་གྱི་སྔོན་དུ前往建国门建外外交公寓组委会ཞེས་པའི་ས་གནས་སུ་མགྲོན་ཤོག་དང་བྱེད་སྒོར་ཞུགས་རྒྱུའི་འབྲེལ་ཡོད་ལག་ཁྱེར་ལེན་དུ་ཕེབས་པར་འཚལ།འགྲེམ་སྟོན་གྱི་ས་གནས་ནི་པེ་ཅིང་ཤར་གྱི་གྲོང་ཁུལ་ལྕགས་རི་ཤར་མའི་སྒོ་རྟགས་16པའི་གནམ་བདེ་སྒོ་མོའི་ཐང་ཆེན་གྱི་ཤར་ཕྱོགས་ཐད་ཀྱི་ཀྲུང་གོའི་རྒྱལ་ཁབ་དངོས་མང་བཤམས་སྟོན་ཁང་དུ་ཡིན། ༼北京东城区东长安街16号天安门广场东侧,中国༽ 

འབྲེལ་གཏུག་ཁ་པར། 010-65127556


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1