སློབ་གསོ་པུས་བུ་བཅོལ་ཁང་སློབ་ཆུང་ཅན་ལ་འགྱུར་བའི་ཆེད་དོན་བཅོས་སྒྲིག་ལས་དོན་སྤེལ་རྒྱུའི་སྐོར་གྱི་འབྲེལ་ཡོད་བརྡ་ཐོ་ཞེས་པ་ཁྱབ་བསྒྲགས་བྱས་པ།

རྩོམ་སྒྲིག་པ།ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 07-17


        སློབ་གསོ་པུས་བུ་བཅོལ་ཁང་སློབ་ཆུང་ཅན་ལ་འགྱུར་བའི་ཆེད་དོན་བཅོས་སྒྲིག་ལས་དོན་སྤེལ་རྒྱུའི་སྐོར་གྱི་འབྲེལ་ཡོད་བརྡ་ཐོ་ཞེས་པ་ཁྱབ་བསྒྲགས་བྱས་པ་དང་། སྔ་སྣུར་དུ་རྒྱ་ཡིག་སྒྲ་སྦྱོར་ཡི་གེ་དང་། ཡིག་ངོ་ཆོད་དུ་འཇུག་པ། རྩིས་རྒྱག་་ དབྱིན་ཡིག་སོགས་སློབ་ཆུང་དུས་རིམ་གྱི་སློབ་ཚན་ནང་དོན་སློབ་ཁྲིད་བྱེད་རིགས་ལ་བཀག་འགོག་མཐའ་གཅིག་ཏུ་བྱ་དགོས་པ་བསྟན་ཡོད།

        བརྡ་ཐོའི་ནང་། སློབ་ཆུང་ཅན་གྱི་སློབ་གསོ་བྱ་ཐབས་ལ་ཡོ་བསྲང་བྱ་རྒྱུ་དང་། སློབ་ཆུང་གིས་འགོ་འཛུགས་ས་གསར་པའི་ཐོག་ནས་སློབ་ཁྲིད་བྱ་དགོས་པའི་བླང་བྱ་ཁ་གསལ་བསྟན་ཡོད།

        ཀྲུང་གོའི་སློབ་གསོ་ཚན་རིག་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཁྲུའུ་ཀྲའོ་ཧུའེ་ཡིས། བུ་བཅོལ་ཁང་སློབ་ཆུང་ཅན་ལ་འགྱུར་བ་བཅོས་སྒྲིག་བྱེད་པའི་རྩ་བ་ནི། སློབ་གསོའི་དོ་དམ་གདེང་འཇོག་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། སློབ་གསོའི་ཐོན་ཁུངས་དོ་སྙོམས་ཅན་ལ་སྐུལ་འདེད་གཏོང་དགོས་ཞེས་གསུངས་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1