གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་ལས་ཁུངས། སྤེལ་དུས། ༢༠༡༨ལོའི་ཟླ་བ་༠༧ཚེས་༡༧ཉིན།

ཧྥ་རན་སི་རུ་ཁག་ལ་ཨུ་རུ་སུའི་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་གྱི་ཨང་དང་པོ་ཐོབ་པ།

         ཉིན་༣༢རིང་གི་དཀའ་དཔྱད་འབད་ཐབས་དང་། འགྲན་རྩོད་ཐེངས་64བྱས་པ་བརྒྱུད། འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་རུ་ཁག་ཨང་དང་པོ་དེ་སྤྱི་ཚེས་16ཉིན་གྱི་ཐོ་རེངས་ལུ་རི་ཉི་ཅིའི་ལུས་རྩལ་ཐང་དུ་ཐོན་ཡོད་པ་རེད། ཨུ་རུ་སུའི་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་རུ་ཁག་ཁྲོད་ཀྱི་ལོ་ན་གཞོན་ཤོས་ཨང་གཉིས་པ་ཡིན་པའི་ཧྥ་རན་སིའི་རུ་ཁག་གིས། མཇུག་འབྲས་4བསྡུར་2ཀྱི་ ཐོག་ནས་ཁེ་རོ་ཏེའི་རུ་ཁག་ལས་རྣམ་པར་རྒྱལ་ཏེ། སྤྱི་ལོ་1998ལོའི་རྗེས་སླར་ཡང་འཛམ་གླིང་གི་ཨང་དང་པོ་བླངས་ཡོད། རྒྱལ་ཁ་ཨང་གཉིས་པ་བླངས་པའི་ཁེ་རུ་ཏི་ཡའི་རུ་ཁག་གིས་ཀྱང་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ནང་ཞུགས་ཚུན་གྱི་གྲུབ་འབྲས་ཡག་ཤོས་དེ་བླངས་ཡོད་པ་རེད།

        ཨུ་རུ་སུའི་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ནི། ཡོ་རོབ་ཤར་མའི་རྒྱལ་ཁབ་ཀྱིས་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་གཉེར་ཐེངས་ཐོག་མ་དེ་ཡིན་པ་དང་། ས་གནས་དེ་གའི་འགྲན་བསྡུར་སྒྲིག་འཛུགས་ལས་ཀར། རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་མནའ་འབྲེལ་གྱི་ཀྲུའུ་ཞི་དབྱིན་ཧྥེན་ཏི་ནོའི་གདེང་འཇོག་ཐོབ་པ་དང་། ཁོང་གིས། ཐེངས་འདིའི་འགྲན་བསྡུར་འདི་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་ལོ་རྒྱུས་ཐོག་གི་འགྲན་བསྡུར་ལེགས་ཤོས་ཤིག་རེད་ཅེས་གསུངས་ཡོད་པ་རེད། ཨུ་རུ་སུའི་ཙུང་ཐུང་ཕུ་ཅིན་གྱིས། ཨུ་རུ་སུས་འགྲན་བསྡུར་རྒྱལ་ཁའི་ངང་གཉེར་ཐུབ་པར་སྤོབས་པ་སྐྱེ་འོས་པ་ཞིག་རེད་ཅེས་དང་། ཁོང་གིས་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་མཐའ་རྩོད་མཇུག་སྒྲིལ་རྗེས་ད་དུང་། མིག་སྔར་ཨུ་རུ་སུའི་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ལ་གཟིགས་པར་ཕེབས་མཁན་གྱི་ལམ་ཡིག་ཡོད་པའི་ཕྱི་རྒྱལ་གྱི་སྐུ་མགྲོན་རྣམས། ད་ལོའི་ནང་ཚུན་དུ་ཨུ་རུ་སུའི་མངའ་ཁོངས་སུ་མིང་ཐོ་འགོད་མི་དགོས་པར་འཛུལ་ཆོག་པས། ཕྱི་རྒྱལ་གྱི་ཡུལ་སྐུ་མགྲོན་ཚོས་ད་ཐེངས་ཀྱི་གོ་སྐབས་འདི་བེད་སྤྱོད་ལེགས་པོ་བྱེད་པའི་རེ་བ་ཡོད་ཅེས་ཁྱབ་བསྒྲགས་གནང་ཡོད་པ་རེད།

 
 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1

0.1516s