བོད་ལྗོངས་རིན་སྤུངས་རྫོང་དུ་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་བྱུང་ནས་འགྲིམ་འགྲུལ་ཆད་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-18


     ཟླ་7ཚེས་15ཉིན་གྱི་ཆུ་ཚོད་18ཡས་མས་ལ། བསྟུན་མར་ཆར་པ་བབས་པའི་རྐྱེན་གྱིས་རྒྱལ་ལམ་318ཀྱི་བོད་ལྗོངས་གཞིས་རྩེའི་རིན་སྤུངས་རྫོང་གི་ལམ་དུམ་སྤྱི་ལེ་4793十སྨི་200ཡི་གནས་སུ་འདམ་རྡོའི་ཆུ་རུད་ཐོན་ནས་ལམ་རྡིབ་པས། ལྷ་ས་དང་གཞིས་རྩེའི་བར་རླངས་འཁོར་བསྐྱོད་མི་ཐུབ་པར་གྱུར། ཆུ་ཚོད་22དང་སྐར་མ་50ཡི་ཐོག  རིན་སྤུངས་རྫོང་སྤྱི་བདེ་ཅུས་སོགས་སྡེ་ཚན་གྱིས་གཅིག་རྗེས་གཉིས་མཐུད་ངང་དཀའ་ངལ་འཕྲད་པའི་ཁ་ལོ་བ་དང་འགྲུལ་པ་རྣམས་བསྐྱབས་ཡོད་པ་རེད། མིག་སྔའི་བར་མི་སྣ་ཤི་རྨས་ཀྱི་གནས་ཚུལ་ཐོན་མེད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1