འཇར་པན་དང་ཧིན་དྷུ་ཕྱོགས་གཉིས་ཀྱི་མགོ་ཁྲིད་པས་གྲོས་མོལ་བྱས་ནས་དཔལ་འབྱོར་གནད་དོན་ལ་དོ་སྣང་བྱས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-03


                 སྤྱི་ཟླ་9བའི་ཚེས་1ཉིན་གྱི་དགོང་མོར། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་དང་མའོ་ཏིས་གཉིས་ཀྱིས་ཏུང་ཅིན་ནས་དངོས་གཞིའི་གྲོས་མོལ་བྱས། དེ་ནི་རྒྱ་གར་གྱི་ཙུང་ལི་མའོ་ཏིས་ཀྱིས་ལས་འགན་ཁུར་རྗེས་ཐོག་དང་པོར་འཇར་པན་དུ་འཚམས་འདྲི་བྱས།
                  གྲོས་མོལ་བྱས་རྗེས་ཨན་པའེ་ཅིན་སན་དང་མའོ་ཏིས་གཉིས་ཀྱིས་ཐུན་མོང་གསལ་སྒྲོག་ཅིག་བཀོད་ཡོད་དེ། དེའི་སྔོན་འཇར་པན་གསར་འགྱུར་ལས་རིགས་ཀྱིས་དབྱེ་ཞིབ་བྱས་པ་ལྟར་ན། ཐེངས་འདིར་རྒྱ་གར་གྱི་ཙུང་ལི་གསར་བ་འཚམས་འདྲིར་ཡོང་ན་ཨན་པའེ་ཅིན་སན་གྱིས་བདེ་འཇགས་སྲུང་སྐྱོབ་ཀྱི་གྲོས་གཞིར་བརྟེན་ནས་ཀྲུང་གོར་ཚོད་འཛིན་བྱེད་སྲིད་པར་བཤད་ཀྱང་། གསལ་སྒྲོག་གི་ནང་དོན་ལྟར་ན། དཔལ་འབྱོར་གནད་དོན་དེ་སྔར་བཞིན་ཕྱོགས་གཉིས་ཀྱི་གླེང་གཞི་གཙོ་བོར་གྱུར་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1