མངའ་རིས་ཡུལ་གྱི་དགོ་བ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-04


དགོ་བ་གཉིས་མངའ་རིས་སྤུ་ཧྲེང་རྫོང་ནང་ཁོངས་སུ་རྒྱུག་བཞིན་པ།(ཟླ་བ་8པའི་ཚེས་28ཉིན་པར་བླངས)
    
སྤྱི་ཟླ་8ཚེས་28ཉིན། དགོ་བ་གཉིས་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་ནང་ཁོངས་ཀྱི་གངས་རིན་པོ་ཆེའི་འདབས་ནས་རྒྱུག་བཞིན་པ།
  
 སྤྱི་ཟླ་8ཚེས་28ཉིན། དགོ་བ་ཞིག་གིས་གསར་འགོད་པས་པར་རྒྱག་པའི་ཕྱོགས་སུ་བལྟ་བཞིན་པ།
  
 སྤྱི་ཟླ་8ཚེས་28ཉིན། དགོ་བ་གཅིག་གིས་ཞིང་ཆེན་ལམ་207བརྒལ་བཞིན་པ།
             རྒྱལ་ཁབ་ཀྱིས་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་སྲུང་སྐྱོབ་ཁྲིམས་ལུགས་ལག་བསྟར་བྱས་པ་ནས་བཟུང་མངའ་རིས་ས་ཁུལ་གྱི་ནགས་ཚལ་སྤྱི་བདེ་ཚན་པས་བདག་ཏུ་མ་བཟུང་བའི་སྲོག་ཆགས་ལྐོག་རྔོན་བྱེད་པའི་ཉེས་གསོག་བྱ་སྤྱོད་ལ་རྡུང་རྡེག་དྲག་པོ་གཏང་བ་དང། སྤུ་ཧྲེང་རྫོང་སྲིད་གཞུང་གིས་ཞིང་འབྲོག་མང་ཚོགས་དང་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བར་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་སྲུང་སྐྱོབ་ཁྲིམས་ལུགས་དྲིལ་བསྒྲགས་ཤུགས་ཆེན་བྱས་པས་སྤུ་ཧྲེང་རྫོང་ནང་ཁོངས་ཀྱི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་ཁྱུ་ཚོགས་སྲུང་སྐྱོབ་ནུས་ལྡན་ཐུབ་པས་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་གྲངས་འབོར་ལོ་རེ་བཞིན་མང་དུ་ཕྱིན་ཡོད། དེང་སྐབས་ས་ཆ་དེ་ཉིད་བདག་ཏུ་མ་བཟུང་བའི་སྲོག་ཆགས་རྣམས་རང་དབང་ངང་འཚོ་སྡོད་བྱེད་པའི་ལྷ་ཡུལ་ལྟ་བུར་གྱུར་ཡོད། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ལྷག་པ་ཚེ་རིང་གིས་པར་བླངས།(ཚེ་རིང་བཟང་མོས་བསྒྱུར།)


རྩོམ་ཡིག་སྔོན་མ།
མངའ་རིས་ཡུལ་གྱི་དགོ་བ།
རྩོམ་ཡིག་རྗེས་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1