གཙོ་ངོས།>> སི་ཁྲོན་བོད་ཁུལ།>>རྔ་བ།

རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།རྔ་བ་་གསར་འགྱུར་དྲ་བ། སྤེལ་དུས། ༢༠༡༨ལོའི་ཟླ་བ་༠༧ཚེས་༢༦ཉིན།

ཟླ་བརྒྱད་པར་ང་ཚོ་ཛམ་བྷ་ལའི་ཐང་ནས་མཇལ་ཡོང་།

        ཟླ་7པའི་ཚེས་23ཉིན། འཛམ་ཐང་རྫོང་བཙུགས་ནས་ལོ་འཁོར་60ལོན་པ་དང་2018ལོའི་ཛམ་བྷ་ལའི་དུས་སྟོན་གྱི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་དང་། མ་དངུལ་བསྡུ་རུབ། རིག་གནས་ཡུལ་སྐོར་མཚམས་སྦྱོར་ཚོགས་འདུ་བཅས་ཁྲེང་ཏུའུ་ནས་འཚོགས། ཐེངས་འདིར་ཞིན་ཧྭ་གསར་འགྱུར་ཁང་དང་། ཀྲུང་དབྱང་བརྙན་འཕྲིན་ཁང་། སི་ཁྲོན་ཉིན་རེའི་ཚགས་པར་ཁང་སོགས་རྒྱལ་ནང་གི་སྨྱན་སྦྱོར་ཆེ་གྲས་50ལྷག་གི་གསར་འགོད་པ་འཛམ་ཐང་དུ་འཛོམས་རྒྱུ་རེད།



        རྒྱུས་ལོན་པ་ལྟར་ན། ཟླ་8པའི་ཚེས་16ནས་18བར་དུ། འཛམ་ཐང་རྫོང་གིས་རྫོང་བཙུགས་ནས་ལོ་འཁོར་60འགོར་བ་དང་ཛམ་བྷ་ལའི་དུས་སྟོན་གྱི་བྱེད་སྒོ་སྤེལ་རྒྱུ་རེད། ཐེངས་འདིའི་བྱེད་སྒོར། རྫོང་བཙུགས་ནས་ལོ་འཁོར་60ལོན་པའི་དྲན་རྟེན་གནང་བའི་ཚོགས་འདུ་དང་ལོ་ངོ་60ཡི་གྲུབ་འབྲས་འགྲེམ་སྟོན་བྱེད་པ། དེ་མིན། ཐུན་མོང་མ་ཡིན་པའི་རིག་རྩལ་འཁྲབ་སྟོན་དང་། ཟློས་གར་འཁྲབ་སྟོན། རྟ་རྒྱུག་འགྲན་ཚོགས་སོགས་བྱེད་སྒོ་ཆེན་པོ་བརྒྱད་སྤེལ་རྒྱུ་རེད། བྱེད་སྒོ་འདི་དག་བརྒྱུད་ནས། མི་ཡུལ་གྱི་དག་ཞིང་ཛམ་བྷ་ལའི་ངོ་མཚར་ལྟད་མོ་སྐྱེ་འགྲོའི་སྤྱན་སྔར་འབུལ་རྒྱུ་རེད། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1