བོད་སྐད་ཀྱི་ཟློས་གར་གློག་བརྙན་དང་པོ《སྐྱ་ལོའི་སྟོན་འཇོག》པར་ལེན་བྱེད་འགོ་ཚུགས་པ།

རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-26


    གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་འབྲི་སྟོད་རྫོང་ཨུད་དྲིལ་བསྒྲགས་པུའུ་ནས་ཤེས་རྟོགས་བྱས་པར། བོད་སྐད་ཀྱི་ཟློས་གར་གློག་བརྙན་དང་པོ་《སྐྱ་ལོའི་སྟོན་འཇོག་》ཉེ་ཆར་མཚོ་སྔོན་ཡུལ་ཤུལ་དུ་པར་ལེན་བྱེད་འགོ་ཚུགས་པ་དང་སྔོན་དཔག་བྱས་ན་འདི་ལོའི་ཟླ་10པར་གློག་བརྙན་སྟོན་ཐུབ་པ་བྱ་རྒྱུ་ཡིན་པ་རེད།
  ཤེས་རྟོགས་བྱུང་བར་གཞིགས་ན། ལོ་རྒྱུས་སྙན་ངག་《གླིང་སྒྲུང་》ལས་དུམ་བུ་བདམས་ནས་བསྐྱར་སྒྲིག་བྱས་པའི་གླུ་བྲོའི་ཟློས་གར་ལྔ་ལས་གྲུབ་པའི་《སྐྱ་ལོའི་སྟོན་འཇོག་》ཏུ་གེ་སར་རྒྱལ་པོ་དང་སེང་ལྕམ་འབྲུག་མོའི་དབར་གྱི་བརྩེ་དུང་གཏམ་རྒྱུད་ཀྱི་ནང་དོན་གཙོ་བོར་བྱས་ཏེ་ཟློས་གར་གྱི་རྣམ་པར་བརྟེན་ནས་ལོ་རྒྱུས་ཡུན་རིང་ལྡན་པའི་ཁམས་པའི་རིག་གནས་དང་། བོད་རིགས་ཀྱི་རྒྱན་གོས་སྤུས་ལེགས། སྐྱ་ལོ་ས་ཁུལ་གྱི་དམངས་སྲོལ་རིག་གནས་བཅས་མངོན་པར་བྱས་ཡོད།
  གློག་བརྙན་དེའི་སྤྱི་ཁྱབ་འཁྲབ་ཁྲིད་པ་ཚེ་བརྟན་གྱིས་《སྐྱ་ལོའི་སྟོན་འཇོག་》གིས་ལོ་རྒྱུས་སྙན་ངག་《གླིང་སྒྲུང་》དང་《སྐྱ་ལོའི་སྟོན་འཇོག་》གི་གར་སྟེགས་མ་རྩོམ་ལ་བརྩི་འཇོག་གང་ལེགས་བྱས་ཏེ་དེང་རབས་གློག་བརྙན་གྱི་རྣམ་པར་ བརྟེན་ནས་ལོ་རྒྱུས་སྙན་ངག་《གླིང་སྒྲུང་》མཚོན་ཐབས་བྱེད་པ་དང་ཆབས་ཅིག་བོད་སྐད་ཟློས་གར་གློག་བརྙན་མེད་པའི་སྟོང་ཆ་སྐོང་ཐུབ་ཅེས་བཤད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1