ཕན་ཅི་ཝུན་གྱིས་ཨི་རག་བྱང་རྒྱུད་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཁག་བཀག་བསྐྱིལ་ནས་ཐར་བར་དགའ་བསུ་ཞུས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-04


             མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཕན་ཅི་ཝུན་གྱིས་སྤྱི་ཟླ་8པའི་ཚེས་2ཉིན་མགྲིན་ཚབ་པ་བརྒྱུད། ཨི་རག་གི་བདེ་འཇགས་དཔུང་སྡེས་ཉིན་ཤས་གོང་ཐལ་སྐྱོད་དྲག་ཆས་པས་ཉིན་མང་པོ་བསྐོར་བསྐྱིལ་བྱས་པའི་བྱང་རྒྱུད་ཀྱི་ས་ལ་ཏིང་མངའ་སྡེའི་ཨར་མན་ལི་གྲོང་རྡལ་བསྐོར་བསྐྱིལ་ལས་ཐར་བ་བྱས་པར་དགའ་བསུ་ཞུས།
             ཕན་ཅི་ཝུན་གྱིས་བྱ་སྤྱོད་དེས་མི་ཆོས་རིང་ལུགས་དང་དེ་བཞིན་འགྲོ་བ་མིའི་ཐོབ་ཐང་གི་ཆག་སྒོ་ཞིག་སྔོན་འགོག་བྱས་ཡོད་ཅེས་དང་། ཁོང་གིས་བསྐོར་བསྐྱིལ་མེད་པར་བཟོ་བའི་བྱ་སྤྱོད་ནང་ཞུགས་པའི་ཕྱོགས་ཁག་དང་དེ་བཞིན་བསྐོར་བསྐྱིལ་ནང་ཚུད་པའི་མི་སེར་ལ་གནམ་གྲུའི་ཐོག་ནས་བཟའ་བཅའ་དབྱུག་མཁན་རྒྱལ་ཁབ་ལ་བསྔགས་བརྗོད་གནང་བ་རེད། ཕན་ཅི་ཝུན་གྱིས་ད་དུང་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་ཁུངས་དང་དེ་བཞིན་ཨི་རག་འབྲེལ་ཡོད་སྡེ་ཁག་གིས་མཐུན་སྦྱོར་གཅིག་གྱུར་ཡོང་བ་བྱས་ནས་ཨ་མན་ལིར་གྲོང་རྡལ་གྱི་བྱིས་པ་དང་ཁྱིམ་ཚང་ལ་རོགས་སྐྱོབ་དངོས་རྫས་དང་པོ་སྤྲོད་ཐུབ་པར་དགའ་བསུ་ཞུས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1