གཙོ་ངོས།>> གསར་འགྱུར།>>རྒྱལ་ནང་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། ༢༠༡༨ལོའི་ཟླ་བ་༠༨ཚེས་༠༧ཉིན།

བོད་ལྗོངས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ཚོགས་ཆེན་འཚོགས་པ།

ཟླ་8ཚེས་3ཉིན་རང་སྐྱོང་ལྗོངས་ཀྱིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ཚོགས་ཆེན་འཚོགས་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གནང་བ།
ཟླ་8ཚེས་3ཉིན་རང་སྐྱོང་ལྗོངས་ཀྱིས་ལྗོངས་ཡོངས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ཚོགས་ཆེན་འཚོགས་ཤིང་། འདི་ནི་ཚོགས་ཆེན་གྱི་ཀྲུའུ་ཞི་སྡིངས་ཆ་ཡིན་པ།
             ཚེས་3ཉིན་རང་སྐྱོང་ལྗོངས་ཀྱིས་ལྗོངས་ཡོངས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཚོགས་ཆེན་འཚོགས་ཤིང་། ཚོགས་འདུའི་ལས་འགན་གཙོ་བོ་ནི་ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་དང་རྒྱལ་ཡོངས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་རང་ལྗོངས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་ཕྱོགས་སྡོམ། རང་ལྗོངས་ཀྱི་སྣོད་བཅུད་ཤེལ་དཔལ་འཛུགས་སྐྱོང་ལ་འཕྲད་པའི་དུས་བབ་གསར་པ་དང་ལས་འགན་གསར་པར་དབྱེ་ཞིབ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་དང་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་རྒྱུར་བཀོད་སྒྲིག ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་མཉམ་དུ་ལག་གདང་སྦྲེལ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བརྟན་པོ་བསྐྲུན་རྒྱུར་སྐུལ་སློང་བྱ་རྒྱུ་བཅས་རེད།
             རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་གསུང་བཤད་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་རྒྱལ་ཡོངས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཚོགས་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་གནང་བ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་ཕྱོགས་སྡོམ་བཀོད་སྒྲིག་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ཝང་གཡུང་ཅུན་དང་། ཙེང་དབན་མིང་། ཅང་ཅེ། ཧོ་ཝུན་ཧའོ། ལིའུ་ཅང་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།
             ཝུའུ་དབྱིང་ཅེས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་ཚད་མཐོའི་གདེང་འཇོག་གནང་བ་དང་། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུ་དེ“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་རྒྱུ་ནང་དོན་གལ་ཆེན་དང་ལྗང་མདོག་འཕེལ་རྒྱས་གཏོང་རྒྱུ་དེ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པའི་གྲུབ་ཆར་བརྩིས་ནས་རང་རྒྱལ་གྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་ལོ་རྒྱུས་རང་བཞིན་དང་། ཁ་ཕྱོགས་སྒྱུར་མཚམས་རང་བཞིན། སྤྱི་ཡོངས་རང་བཞིན་བཅས་ཀྱི་འགྱུར་ལྡོག་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་དགོངས་པ་ནན་ཏན་ངང་སློབ་སྦྱོང་དང་གོ་བ་ཡང་དག་བླངས་ཏེ་ཆབ་སྲིད་དང་སྤྱི་ཡོངས་ཀྱི་ཐོག་ནས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་ཀའི་ཧ་ཅང་གལ་ཆེའི་རང་བཞིན་ལ་རང་རྟོགས་ངང་ངོས་འཛིན་བྱས་ནས་དཔལ་འབྱོར་འཕེལ་རྒྱས་དང་། སྤྱི་ཚོགས་བརྟན་ལྷིང་། དམངས་འཚོ་ལེགས་གཏོང་། སྣོད་བཅུད་སྲུང་སྐྱོང་བཅས་ཐད་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་བྱེད་པ་བཅས་བྱས་ཏེ་འཛམ་གླིང་ཐོག་གི་དག་ཞིང་མཐའ་མ་སྲུང་སྐྱོང་ཡག་པོ་བྱེད་པའི་བྱ་སྤྱོད་དངོས་ཀྱི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོག་ཤིང་གནས་བབ་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་ཞེས་བསྟན་གནང་བ་རེད།
             ཝུའུ་དབྱིང་ཅེས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་དགོངས་པའི་མཛུབ་ཁྲིད་འོག ལྗོངས་ཏང་ཨུད་ཀྱིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་དེ་ལྗོངས་ཡོངས་ཀྱི“དོན་ཆེན་གསུམ”ལ་བརྩིས་ནས་ཚན་རིག་དང་མཐུན་པའི་འཆར་འགོད་དང་། ཕྱོགས་ཡོངས་ནས་བཀོད་སྒྲིག སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱེད་པ་དང་། རིམ་ཁག་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅིའི“མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་པའི”བཀའ་མངག་གལ་ཆེན་སེམས་ལ་བརྟན་པོར་ངེས་ནས་སྔར་ན་མེད་པའི་མཐོང་ཆེན་བྱེད་ཚད་དང་། མ་དངུལ་གཏོང་ཤུགས། ལས་ཀའི་ཤུགས་ཚད། དམངས་ཕན་གྱི་ཁྱབ་རྒྱ་བཅས་ལ་བརྟེན་ནས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུར་སྐུལ་འདེད་བཏང་བས་ལམ་སྲོལ་དང་སྒྲིག་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ཁྲིམས་སྲོལ་ལམ་ལུགས་དེ་བས་འཐུས་སྒོ་ཚང་དུ་གཏོང་བ། ལྗང་མདོག་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་བཟང་བ། སྣོད་བཅུད་ལས་གྲྭར་སྐུལ་འདེད་ཏན་ཏིག་གཏོང་བ། ཁོར་ཡུག་བཅོས་སྐྱོང་དེ་བས་ནུས་ལྡན་ཐུབ་པ་བཅས་ཀྱི་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་ཅེས་བསྟན་གནང་བ་རེད།
             ཝུའུ་དབྱིང་ཅེས་དངོས་ཐོག་བདེན་འཚོལ་དང་འབད་འབུངས་ཆེར་བསྐྱེད་མཐའ་འཁྱོངས་བྱས་ཏེ་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱ་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་དགོས་ཤིང་། གཅིག་ནས་གནམ་སྔོ་ཆུ་དྭངས་ས་གཙང་བཅས་ལ་སྲུང་སྐྱོང་ཡག་པོ་བྱས་ནས་རླུང་ཁམས་ཆེ་མོ་དང་། ཆུ་མོ། ས་རྒྱུ་བཅས་ཁྱབ་ཁོངས་ཆེན་པོ་གསུམ་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ་དོན་དངོས་དང་ཟུང་འབྲེལ་དང་ཡུལ་བབ་དང་བསྟུན་ནས་ལས་དོན་སྤེལ་ཤུགས་ཆེ་རུ་དང་གཅིག་སྡུད་འགག་སྒྲོལ་བྱས་ཐོག་མི་སེར་གམ་གྱི་སྣོད་བཅུད་ཁོར་ཡུག་གནད་དོན་ཐག་གཅོད་ཏན་ཏིག་ཡག་པོ་བྱེད་དགོས་པ་དང་། གཉིས་ནས་རྒྱལ་ཁབ་ས་ཆ་ལྗང་འགྱུར་གྱི་བྱ་སྤྱོད་ལག་ལེན་བསྟར་ཏེ་གྲོན་ཆུང་སྔོན་ལ་འཇོག་པ་དང་། སྲུང་སྐྱོང་སྔོན་ལ་སྒྲུབ་པ། རང་བྱུང་སླར་གསོ་བྱེད་པ་བཅས་མཐའ་འཁྱོངས་ཀྱིས་རྒྱལ་ཁབ་ས་ཆ་ལྗང་འགྱུར་གྱི་བྱ་སྤྱོད་སྤེལ་བ་དང་། གཙོ་གནད་སྣོད་བཅུད་ལས་གྲྭ་ལག་ལེན་བསྟར་བ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བཅས་བྱས་ནས་སྤྱི་ཡོངས་སྲུང་སྐྱོང་དང་། བརྒྱུད་རིམ་ལྡན་པའི་ཉམས་གསོ། ཕྱོགས་བསྡུས་བཅོས་སྐྱོང་བཅས་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པ། གསུམ་ནས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་མྱུར་བཏང་སྟེ་བློ་བརྟན་འགྱུར་མེད་ངང་ལྗང་མདོག་དང་ཐཱན་ཉུང་གི་འཁོར་སྐྱོད་འཕེལ་རྒྱས་ལམ་བུའི་ཐོག་བསྐྱོད་དེ་ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་འཕྲོད་སྦྱོར་རྣམ་པ་དེ་ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་གཙོ་བོར་འགྱུར་བ་བྱས་ནས་རང་ལྗོངས་ཀྱི་སྔོ་ལྗང་རི་བོ་རྟག་ཏུ་གནས་པ་དང་། དྭངས་གཙང་ཆུ་མོ་རྟག་ཏུ་རྒྱུག་པ། མཁའ་རླུང་སོས་པ་རྟག་ཏུ་རྒྱུ་བ་བཅས་ཡོང་བ་བྱེད་པ་དང་། མི་རིགས་ཁག་གི་མང་ཚོགས་ཀྱིས་སྣོད་བཅུད་ཁོར་ཡུག་བཟང་པོའི་ཁྲོད་ཐོན་སྐྱེད་དང་འཚོ་བ་སྐྱེལ་རྒྱུ་ཡོང་བར་བྱས་ནས་བདེ་སྐྱིད་སྟོན་གྲངས་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་པ། བཞི་ནས་སྣོད་བཅུད་དམངས་ཕྱུག་དམངས་ཕན་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་སྣོད་བཅུད་དམངས་ཆེད་དང་། སྣོད་བཅུད་དམངས་བདེ། སྣོད་བཅུད་དམངས་ཕན་བཅས་མཐའ་འཁྱོངས་ཀྱིས་སྣོད་བཅུད་སྲུང་སྐྱོང་བྱ་རྒྱུ་དེ“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”བརྗོད་དོན་གཙོ་བོར་བྱས་པའི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱ་རྒྱུ་དང་ཟུང་འབྲེལ་བྱེད་པ་དང་། དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པ་དང་ཟུང་འབྲེལ་བྱེད་པ། མཐའ་མཚམས་འཛུགས་སྐྲུན་བྱ་རྒྱུ་དང་ཟུང་འབྲེལ་བྱེད་པ་བཅས་བྱས་ཏེ་མང་ཚོགས་དེ་བས་མང་བས་སྣོད་བཅུད་ལ་བརྟེན་ནས་འཚོ་བ་སྐྱེལ་བ་དང་སྣོད་བཅུད་ལ་བརྟེན་ནས་ཡོང་འབབ་གསོག་ཐུབ་པ་བྱེད་དགོས་པ། ལྔ་ནས་སྣོད་བཅུད་ཤེས་དཔལ་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་བྱས་ཏེ་སྲིད་འཛིན་དང་། ཁྲོམ་ར། ཁྲིམས་སྐྱོང་། ཚན་རྩལ་སོགས་བྱེད་ཐབས་མང་པོ་ཕྱོགས་བསྡུས་བཀོལ་སྤྱོད་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སྣོད་བཅུད་ཤེས་དཔལ་གྱི་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་དང་། རྒྱུ་མང་ཅན་གྱི་ཁོར་ཡུག་སྲུང་སྐྱོང་ནང་གཏོང་ཆ་གཏོང་བའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ཁྲིམས་སྐྱོང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
             ཝུའུ་དབྱིང་ཅེས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ཏེ་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། དཔྱད་ཞིབ་དང་འགན་འཁྲི་རྩད་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ། དཔུང་ཁག་འཛུགས་སྐྱོང་ལ་མཐོང་ཆེན་བཅས་བྱས་ནས་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་མཐའ་གཅིག་ཏུ་ཡག་པོ་རྒྱག་དགོས། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་གི་ལྟ་བཤེར་དག་ཐེར་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་གི་ལྟ་བཤེར་ཚུར་ལན་གནད་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། དག་ཐེར་ཇུས་གཞི་ལྟ་བསྡུར་བྱེད་པ། ལས་ཀའི་བྱེད་ཐབས་ཞིབ་ཚགས་བཟོ་བ་བཅས་བྱས་ནས་ཉིན་རེའི་གོ་རིམ་བླང་བྱ་གཞིར་བཟུང་དག་ཐེར་བྱེད་ཐབས་ཁག་དོན་འཁྱོལ་ཐུབ་པའི་འགན་ལེན་བྱས་ཐོག་ཞིབ་དཔྱད་བསྡུར་བཤེར་ཐེག་ཐུབ་པ་བྱེད་དགོས་ཞེས་བླང་བྱ་བཏོན་གནང་བ་རེད།
             ཆེ་དགྲ་ལྷས་ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་ཏེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། སྣོད་བཅུད་སྲུང་སྐྱོང་བྱ་རྒྱུ་ཨང་དང་པོ་ཡིན་པའི་རྩ་དོན་མཐའ་འཁྱོངས་ཀྱིས་ཕྱོགས་ཡོངས་དང་། ས་ཁོངས་ཧྲིལ་པོ། བརྒྱུད་རིམ་ཧྲིལ་པོ་བཅས་སུ་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བྱེད་དགོས་པ་དང་། བློ་བརྟན་འགྱུར་མེད་ངང་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པ་དང་རྒྱལ་ཁ་ལེན་ཐུབ་པ་བྱས་ཏེ་སྟོབས་ཤུགས་གཅིག་སྡུད་ཀྱི་སྒོ་ནས་གནམ་སྔོ་ཆུ་དྭངས་ས་གཙང་བཅས་སྲུང་སྐྱོང་གི་དམག་འཐབ་དང་། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱེད་པའི་ཡུན་རིང་དམག་འཐབ། གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི་འགག་སྒྲོལ་དམག་འཐབ་སོགས་བོད་ཀྱི་ཁྱད་ཆོས་ལྡན་པའི་མཚོན་རྟགས་རང་བཞིན་གྱི་དམག་འཐབ་ཡག་པོ་རྒྱག་དགོས་པ། བློ་བརྟན་འགྱུར་མེད་ངང་རྒྱལ་ཁབ་ཀྱི་སྣོད་བཅུད་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇུགས་སྲུང་ཡོལ་ཁུལ་དང་། རྒྱལ་ཁབ་ཀྱི་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དཔེ་སྟོན་ཁུལ། རྒྱལ་ཁབ་ཀྱི་ལྗང་མདོག་འཕེལ་རྒྱས་ཀྱི་ཚོད་ལྟ་ཁུལ། རྒྱལ་ཁབ་ཀྱི་རང་བྱུང་སྲུང་སྐྱོང་གི་མ་དཔེ་ཁུལ། རྒྱལ་ཁབ་ཀྱི་སྣོད་བཅུད་དམངས་ཕྱུག་གི་སྔོན་སྒྲུབ་ཁུལ་བཅས་ཧུར་ཐག་ངང་གཏོད་དགོས་པ། བློ་བརྟན་འགྱུར་མེད་ངང་ཁོར་ཡུག་སྲུང་སྐྱོང་གི་ལྟ་བཤེར་ལམ་ལུགས་དོན་འཁྱོལ་བྱས་ཏེ་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་བྱེད་པོའི་འགན་འཁྲི་དང་། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་ལས་འགན། ལྟ་བཤེར་ཚུར་ལན་གནད་དོན་དག་ཐེར་བཅས་དོན་འཁྱོལ་བྱ་རྒྱུར་ལྟ་སྐུལ་ནན་པོ་བྱེད་དགོས་པ། བློ་བརྟན་འགྱུར་མེད་ངང་འགན་ལེན་ནུས་པ་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་སྒྲིག་སྲོལ་དང་། ཚན་རྩལ། མ་དངུལ་བཅས་ཀྱི་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་སྟེ་རང་ལྗོངས་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།
             རང་སྐྱོང་ལྗོངས་ཀྱི་ཞིང་ཆེན་རིམ་པའི་འགོ་ཁྲིད་བློ་མཐུན་ཚོགས་འདུར་ཕེབས་ཤིང་། རང་སྐྱོང་ལྗོངས་འཕེལ་སྒྱུར་དང་། ནོར་སྲིད། ཁོར་ཡུག་སྲུང་སྐྱོང་སོགས་སྡེ་ཚན་དང་ལྷ་ས་གྲོང་ཁྱེར་གྱིས་སྤེལ་རེས་གཏམ་བཤད་བྱས་པ་དང་། ས་ཁུལ་ཁག་དང་སྡེ་ཚན་ཁག་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས་ཡོད་པ་རེད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1