གཙོ་ངོས།>> ཁྲིམས་ལུགས།>>སྲིད་ཇུས་འགྲེལ་བཤད།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༡༨ལོའི་ཟླ་བ་༠༨ཚེས་༡༤ཉིན།

༄༅།། དབུལ་སྐྱོར་སྲིད་ཇུས་ཀྱི་དྲི་བ་དྲིས་ལན།

        དྲི་བ། བྱིས་པའི་འཚོ་བཅུད་ལེགས་བཅོས་སུ་གཏོང་བའི་ལས་གཞི་ནི་ཅི་ཞིག་ཡིན།
        ལན། གཙོ་བོར་དབུལ་ཕོངས་ས་ཁུལ་གྱི་ཞིང་སྡེའི་ཟླ6ནས་ཟླ24བར་གྱི་བྱིས་པར་རྒྱལ་ཁབ་ཀྱིས་རིན་བླངས་པར་འཚོ་བཅུད་འོ་རྫས་སྟེར་བ་ཡིན། (འཚོ་བཅུད་འོ་རྫས་ཀྱི་བྱེད་ནུས་གཙོ་བོ་ནི་བྱིས་པར་འཚོ་བཅུད་སྔར་ལས་འཛོམས་པ་དང་སྔར་ལས་ཕུན་སུམ་ཚོགས་པར་གཏོང་བ་དང་། བྱིས་པ་སྔར་ལས་བདེ་ཐང་ལྡན་པ་དང་སྤྱང་གྲུང་འཛོམས་པའི་ངང་འཚར་ལོངས་འབྱུང་ཐུབ་པ་དེ་ཡིན།)
        དྲི་བ། དབུལ་ཕོངས་མི་འབོར་ལ་ནད་ལྗིད་མོ་དང་ཚབས་ཆེན་ཕོག་པའི་རོགས་སྐྱོབ་སྲིད་ཇུས་ནི་ཇི་ལྟ་བུ་ཞིག་ཡིན་ནམ།
        ལན། ནད་ལྗིད་མོ་དང་ཚབས་ཆེན་ཕོག་པའི་དབུལ་ཕོངས་མི་འབོར་གཏན་འཁེལ་སྨན་བཅོས་ལས་ཁུངས་ནས་བསྡད་པའི་རིང་གི་སྨན་བཅོས་རིན་གོང་ནི། སྲིད་ཇུས་ཀྱིས་ཆག་ཡང་གཏོང་བ་དང་། གཞི་རྩའི་སྨན་བཅོས་ཉེན་སྐྱོབ། ནད་ཚབས་ཆེན་གྱི་སྨན་བཅོས་ཉེན་སྐྱོབ་བཅས་ཀྱིས་རྩིས་ཞུ་བྱས་པའམ། ཡང་ན་དོན་རྐྱེན་གྱི་འགན་འཁྲི་འཁུར་མཁན་ཕྱོགས་ནས་སྐྱིན་ཚབ་སྤྲོད་དངུལ་སྤྲད་རྗེས། ལོ་འཁོར་རེའི་ནང་དུ་རང་སྒེར་ནས་སྤྲོད་དགོས(རང་གྲོན་རང་གཏོང་གི་ཆའང་ནང་དུ་འདུས་པའི)དངུལ་སྒོར་རིམ་བསགས་ཀྱིས་སྒོར་ཁྲི3ལས་བརྒལ་བའི་ཆ་ཤས་དེར། 60%ལྟར་རོགས་སྐྱོབ་བྱེད་པ་ཡིན་ལ། མི་རེར་ལོ་རེའི་རོགས་སྐྱོབ་ཀྱི་ཚད་ནི་སྒོར་ཁྲི10ཡིན། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1