ལོ་ངོ་800ལྷག་འགོར་རྗེས་ཀྱི་དེ་རིང་། རྒྱ་གར་གྱི་དཔལ་ནཱ་ལེནྡྲ་གཙུག་ལག་སློབ་གྲྭ་ཆེན་མོ་ཡང་བསྐྱར་སློབ་འགོ་ཚུགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-05


         ལོ་ངོ་800ལྷག་འགོར་རྗེས་ཀྱི་དེ་རིང་། རྒྱ་གར་གྱི་དཔལ་ནཱ་ལེནྡྲ་གཙུག་ལག་སློབ་གྲྭ་ཆེན་མོ་ཟླ་འདིའི་ཚེས་1ཉིན་ཡང་བསྐྱར་སློབ་འགོ་ཚུགས་ཡོད། སློབ་ཆེན་འདིར་གནས་སྐབས་སློབ་གླིང་2དང་། དགེ་རྒན་11སློབ་མ་15བཅས་མ་གཏོགས་མེད་ལ། སློབ་གྲྭ་བསྐྱར་བཞེངས་ཀྱི་འཛུགས་སྐྲུན་ན་ནིང་ནས་ད་གཟོད་འགོ་བརྩམས་པ་ཡིན་པས། སློབ་གྲྭ་དང་སློབ་གསོའི་ལས་དོན་ཁག་གནས་སྐབས་ཞིང་ཆེན་སྲིད་གཞུང་གྲོས་ཚོགས་ལྟེ་གནས་ན་གཉེར་བཞིན་ཡོད། 
      དཔལ་ནཱ་ལེནྡྲ་གཙུག་ལག་སློབ་ཆེན་(Nalanda University)གྱི་འཆར་གཞི་ལྟར་སློབ་གླིང་7གྱི་ཁྲོད་ནས་སློབ་གླིང་2ཟླ་འདིའི་ཚེས་1ཉིན་སློབ་འགོ་ཚུགས་པ་ཡིན་ལ། དེ་གཉིས་སོ་སོ་ནི་སྐྱེ་ཁམས་ཁོར་ཡུག་ཞིབ་འཇུག་གླིང་དང་ལོ་རྒྱུས་ཞིབ་འཇུག་གླིང་གཉིས་ཡིན། སློབ་མ་15དང་དགེ་རྒན་11པོ་བཅས་ནི་དཔལ་ནཱ་ལེནྡྲའི་གཙུག་ལག་སློབ་ཆེན་གསར་པའི་དགེ་སློབ་རབས་དང་པོ་དེ་ཡིན།

 

 

 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1