རང་ཞིང་གིས་ཞིང་ལས་ལག་རྩལ་ཁྱབ་གདལ་དུ་གཏོང་བའི་ཞབས་ཞུའི་དམིགས་བསལ་གདན་ཞུའི་འཆར་གཞི་ཁྱོན་ཡོངས་ནས་ལག་བསྟར་བྱས་པ།

མཁའ་འགྲོ་མཚོས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 08-15



           རང་རེའི་ཞིང་ཆེན་གྱི་ཉིན་འགའི་སྔོན་དུ་ཞིང་ལས་ལག་རྩལ་ཁྱབ་གདལ་དུ་གཏོང་བའི་ཞབས་ཞུའི་དམིགས་བསལ་གདན་ཞུའི་འཆར་གཞི་ཞེས་པ་ཁྱོན་ཡོངས་ནས་ལག་བསྟར་བྱེད་འགོ་བརྩམས་པ་དང་། སྲིད་གཞུང་གི་ཉོ་སྒྲུབ་བྱེད་པའི་ཞབས་ཞུ་སོགས་ཀྱི་བྱེད་ཐབས་བརྒྱུད་ནས། རང་ས་རང་ཡུལ་གྱི་ཞིང་ལས་ཆེད་མཁས་པ་དང་།འདེབས་གསོ་ཆེད་མཁས་པ། གསར་དར་རང་བཞིན་གྱི་ཞིང་ལས་བདག་གཉེར་བྱེད་པའི་ལག་རྩལ་རྐང་འཛིན་པ་གཙོ་བོ། ཚན་རིག་ཞིབ་འཇུག་དང་སློབ་ཁྲིད་སྡེ་ཚན་གྱི་ལས་གནས་དང་པོའི་ཞབས་ཞུའི་མི་སྣ་སོགས་རིགས་བཞི་ཡི་ཚོགས་པའི་ཁྲོད་ནས་ཞིང་ལས་ལག་རྩལ་པ་སྐོར་ཞིག་དམིགས་བསལ་གྱིས་གདན་ཞུ་བྱས་ཏེ། ཐོན་ལས་ཀྱི་དགོས་མཁོ་སྐོང་ཐུབ་པ་དང་། ཐོན་སྐྱེད་ལག་རྩལ་གྱི་དཀའ་གནད་གྲོལ་ཐུབ་པ། དབུལ་ཕོངས་ཞིང་དུད་ཀྱི་སྣེ་ཁྲིད་དེ་དབུལ་བྲལ་འབྱོར་ཕྱུག་ཡོང་ཐུབ་པའི་ཚོགས་པ་ཞིག་གསོ་སྐྱོང་བྱ་རྒྱུ་རེད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1