རང་ཞིང་གི་ན་གཞོན་16ལ་རྒྱལ་ཡོངས་ཀྱི་ལས་ཐོག་འཇོན་ལྡན་གྱི་ན་གཞོན་ཞེས་པའི་མཚན་སྙན་གནང་།

མཁའ་འགྲོ་མཚོས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 08-16


        ཟླ་8པའི་ཚེས་14ཉིན། གསར་འགོད་པས་གུང་གཞོན་ཚོགས་པ་སི་ཁྲོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་ནས་གནས་ཚུལ་རྒྱུས་ལོན་པ་ལྟར་ན། གུང་གཞོན་ཚོགས་པ་ཀྲུང་དབྱང་དང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས་མཉམ་འབྲེལ་བྱས་ཏེ་2016ལོ་ནས་2017ལོའི་བར་གྱི་ལོ་ཧྲིལ་བོའི་རྒྱལ་ཡོངས་ཀྱི་ན་གཞོན་འཇོན་ཐང་ཅན་གྱི་དཔེ་སྟོན་པ་དང་རྒྱལ་ཡོངས་ན་གཞོན་འཇོན་ཐང་ཅན་འདེམས་པའི་བྱེད་སྒོའི་ཁྲོད། རང་རེའི་ཞིང་ཆེན་གྱི་ཕུལ་བྱུང་ན་གཞོན་16ལ་རྒྱལ་ཡོངས་ཀྱི་ལས་གནས་ཐོག་འཇོན་ནུས་ལྡན་པའི་ན་གཞོན་ཞེས་པའི་མཚན་སྙན་ཐོབ་པ་རེད།
        གུང་གཞོན་ཚོགས་པའི་སི་ཁྲོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་ཀྱི་འགན་ཁུར་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན། ཐེངས་འདིར་མཚན་སྙན་ཐོབ་པའི་ན་གཞོན་ནི་ཕྱོགས་བསྡུས་རྩལ་ནུས་འགྲན་སྡུར་དང་།ཚོགས་པ་ཡོངས་ནས་ན་གཞོན་ལས་གཏོད་པ་རྩེར་སོན་དང་། ན་གཞོན་གྱི་མིག་དཔེ་ལྟ་ས་ཞེས་པ་བརྗོད་བྱ་གཙོ་བོ་བྱས་པའི་བྱེད་སྒོ་དང་ཉིན་རེའི་བྱ་བའི་ལག་ལེན་སོགས་ཕྱོགས་ཀྱི་གནས་ཚུལ་གྱི་རྨང་གཞིའི་ཐོག རྒྱ་ཁྱབ་ངང་སྐུལ་སློང་དང་བྱེད་ཐབས་སྣ་ཚོགས་ཀྱིས་ལེགས་འདེམས་འོས་སྦྱོར་དང་ཞིབ་བཤེར་ནན་མོ་བྱས་ཏེ་བདམས་ཐོན་བྱུང་བ་ཡིན་པ་རེད། 
        རྒྱལ་ཡོངས་ཀྱི་ན་གཞོན་40ལ་རྒྱལ་ཡོངས་ཀྱི་ལས་གནས་ཐོག་གི་འཇོན་ཐང་ཅན་གྱི་ན་གཞོན་དཔེ་སྟོན་པ་ཞེས་པའི་མཚན་སྙན་ཐོབ་པ་དང་། ན་གཞོན་826ལ་རྒྱལ་ཡོངས་ཀྱི་ལས་གནས་སྟེང་འཇོན་ནུས་ལྡན་པའི་ན་གཞོན་ཞེས་པའི་མཚན་སྙན་ཐོབ། ཁོ་ཚོ་ནི་ལས་རིགས་སོ་སོའི་སྔོན་ཐོན་ན་གཞོན་གྱི་འཐུས་ཚབ་པ་ཡིན་པས། འདི་ལས་དེང་རབས་ན་གཞོན་རྣམ་ལས་གནས་ལ་དགའ་བ་དང་བཀུར་བ། སློབ་སྦྱོང་ལ་བརྩོན་པ། གསར་གཏོད་བྱེད་ཕོད་པ། བྱས་རྗེས་འཇོག་ཕོད་པའི་ཕུལ་བྱུང་གི་གཤིས་བཟང་དེ་གཅིག་བསྡུས་སྒོས་མངོན་ཡོད་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1