སྐབས་18པའི་ཨེ་ཤི་ཡའི་ལུས་རྩལ་འགྲན་ཚོགས་ཅ་ཀ་ཏར་འགོ་ཚུགས་པ།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 08-20


        ས་གནས་དེ་གའི་དུས་ཚོད་སྤྱི་ཚེས་18ཉིན་གྱི་དགོང་མོའི་ཆུ་ཚོད་7པའི་ཐོག་སྐབས་18པའི་ཨེ་ཤི་ཡའི་ལུས་རྩལ་འགྲན་ཚོགས་ཧིན་རྡུ་ཉི་ཞི་ཡའི་རྒྱལ་ས་ཅ་ཀ་ཏར་འགོ་ཚུགས་པ་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་ཆེད་བཀོད་ཕོ་ཉ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུན་ཁྲུན་ལན་གདན་ཞུ་ལྟར་འགོ་ཚུགས་མཛད་སྒོར་ཞུགས་ནས་ཀྲུའུ་ཞི་སྟེགས་བུའི་ཐོག་བཞུགས་པ་དང་ཨེ་ཤི་ཡའི་ཨོ་ཕི་ཁེ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི། རྒྱལ་རྒྱུད་ཨེ་ཧ་མེ་ཏེས་འགོ་ཚུགས་མཛད་སྒོའི་ཐོག་ཤིས་ཚིག་གསུངས་གནང་བ། ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཛོ་ཁེས་སྐབས་འདིའི་ཨེ་ཤི་ཡའི་ལུས་རྩལ་འགྲན་ཚོགས་འགོ་ཚུགས་པ་ཁྱབ་བསྒྲགས་གནང་འདུག
        མི་8ཁྲི་8སྟོང་ཤོང་བའི་ཕེང་ཅ་ནོ་ལུས་རྩལ་ཐང་འཁྲུག་ཆས་ཁེངས་ཤིང་གཟིགས་མོ་བའི་སྤྲོ་སེམས་འཁོལ་བའི་དགའ་བསུའི་འབོད་སྒྲའི་ཁྲོད་དུ་རྒྱལ་ཁབ་དང་ས་ཁུལ་45ནས་ཡོང་བའི་འཐུས་མི་ཚོགས་པ་གོ་རིམ་ལྟར་ལུས་རྩལ་ཐང་དུ་འཛུལ་བ་དང་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་གྱི་སྣེ་ཁྲིད་འོག་ཀྲུང་གོའི་འཐུས་མི་ཚོགས་པ་ལུས་རྩལ་ཐང་ནང་འཛུལ་བར་གཟིགས་མོ་བའི་སྤྲོ་སེམས་རབ་ཏུ་འཁོལ་བའི་དགའ་བསུ་ཐོབ་ཡོད་པ་རེད། སྐབས་འདིའི་ཨེ་ཤི་ཡའི་ལུས་རྩལ་འགྲན་ཚོགས་ནི་སྤྱི་ལོ་2020ལོའི་ཐོ་ཁིའུ་ཨོ་རྩལ་འགྲན་ཚོགས་གོང་གི་གལ་ཆེའི་སྦྱོང་བརྡར་ཞིག་ཡིན་པ་དང་ཀྲུང་གོའི་རྩལ་འགྲན་ལུས་རྩལ་ལ་ཁྱོན་ཡོངས་ནས་ཉམས་ཚོད་ལེན་པ་ཞིག་ཡིན་ཞིང་ཀྲུང་གོའི་འཐུས་མི་ཚོགས་པས་ལུས་རྩལ་པ་ཁྱོན་845བཏང་ནས་རྣམ་གྲངས་ཆེ་བ་38དང་ཆུང་བ་376ཡི་འགྲན་སྡུར་ནང་ཞུགས་རྒྱུ་རེད།

  
  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1