༄༅།། ཕན་ཚུན་ལ་འཐམས་ན་ལུས་ཕུང་བདེ་ཐང་ཡོང་བར་ཕན་པ་ཡོད།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 08-21


        ཕན་ཚུན་ལ་འཐམས་པ་ནི་བརྩེ་བ་དང་འབྲལ་མི་ཕོད་པ་མཚོན་པའི་བྱ་སྤྱོད་ཅིག་ཡིན་པས།དེས་སེམས་ཁམས་ཇེ་སྐྱིད་དང་སྐྱིད་སྣང་ཇེ་མཐོར་གཏོང་ཐུབ་པས།ཕན་ཚུན་ལ་འཐམ་པ་དང་འཁྱུད་པ་གང་ཞིག་ཡིན་རུང་མིའི་ལུས་ཕུང་བདེ་ཐང་ཡོང་བར་ཕན་པ་ཆེན་པོ་ཡོད།
        ང་ཚོ་མི་གཞན་པར་འཐམ་སྐབས།ལུས་པོའི་སྟེང་དུ་བཙའ་སྐུལ་རྒྱུ་ཟགས་ཐོན་འབྱུང་བ་དང་།ཆེད་མཁས་པ་རྣམས་ཀྱིས་སྐུལ་རྒྱུ་དེས་ལུས་སེམས་གཉིས་ཀར་བདེ་སྣང་སྟེར་ཐུབ་པར་མ་ཟད།མིའི་ཡིད་ཆེས་ཀྱི་ཚད་ཀྱང་ཇེ་མཐོར་གཏོང་ཐུབ་པས།མི་དང་མིའི་བར་གྱི་འབྲེལ་བ་ཇེ་བཟང་དུ་གཏོང་བར་ནུས་པ་གལ་ཆེན་འདོན་ཐུབ་པར་འདོད་ཀྱིན་ཡོད།
        མིའི་ལུས་སྟེང་དུ་ཡང་མོར་བྱུག་བྱུག་བྱེད་པ་ཙམ་གྱིས་ཀྱང་ཀླད་པའི་ནང་གི་དོར་ཧྥུན་འབོར་ཆེན་སྒོས་ཕྱིར་གཏོང་བྱས་ཏེ།ན་ཟུག་འཇོག་པ་དང་སེམས་ཁམས་ཇེ་བཟང་དུ་ཡོང་བར་ཕན་པ་ཡོད།འདི་ནི་ན་ཟུག་འབྱུང་བཞིན་པའི་ནད་པར་འཐམས་ཏེ་སེམས་གསོ་བྱེད་པ་དང་དྲོད་ཁོལ་སྦྱིན་པའི་རྒྱུ་མཚན་རེད།
        ཕན་ཚུན་ལ་འཐམས་ན་མིའི་ལུས་སྟེང་གི་ནད་འགོག་ནུས་ཤུགས་དང་དབང་རྩའི་མ་ལག ཟགས་ཐོན་མ་ལག་སོགས་ལའང་ཕན་པ་ཆེན་པོ་ཡོད།ཞིབ་འཇུག་པས་བཤད་པ་ལྟར་ན།ལོ་ཚོད་ཇེ་མཐོར་སོང་བ་དང་བསྟུན་ནས།འཐམ་པ་སོགས་ཀྱི་ལུས་པོའི་འབྲེལ་འདྲིས་ནི་དེ་བས་ཀྱང་གལ་ཇེ་ཆེར་འགྲོ་བ་རེད།རྒྱུ་མཚན་ནི་འཐམ་པ་ཡི་ནང་དུ་བརྩེ་བ་མི་ཉུང་བ་ཞིག་འདུས་ཡོད་པས།རྒན་པའི་ཁེར་རྐྱང་གི་ཚོར་བ་མངོན་གསལ་གྱིས་ཇེ་ཉུང་དུ་གཏོང་ཐུབ་པ་དང་།ཁོ་ཚོར་ལུས་སེམས་སྟེང་གི་བདེ་བ་མི་ཉུང་བ་ཞིག་སྦྱིན་ཐུབ།
        ཉིན་རེར་ཐེངས་བཞི་ལ་འཐམས་ན་རང་བྱུང་གི་བཅུད་སྨན་འཐུང་བ་དང་གཉིས་སུ་མེད།ཞིབ་འཇུག་ལས་མངོན་པ་ལྟར་ན།ཉིན་རེར་ཐེངས་བཞིའི་ཡན་ལ་འཐམ་པའི་རྒན་པ་རྣམས་ཀྱི་བདེ་ཐང་གི་ཚད་ནི་འཐམ་ཐེངས་བཞིའི་མན་གྱི་རྒན་པ་ལས་བཟང་ཞིང་།དེའི་ཕན་འབྲས་ནི་གཙོ་བོ་ཁྲག་ཤེད་མི་མཐོ་བ་དང་ཁྲག་གི་འཁོར་རྒྱུག་བཟང་བའི་སྟེང་མངོན་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1