ཕྱི་དབང་དུང་དཀར་དུར་སའི་གནའ་ཤུལ་གྱི་གནའ་རྫས་རྟོག་ཞིབ་ཀྱི་བརྟག་དཔྱད་དང་སྔོག་འདོན་ལས་དོན་ལ་གྲུབ་འབྲས་ཆེན་པོ་ཐོབ་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 08-23


          གསར་འགོད་པས་མངའ་རིས་མཉམ་འབྲེལ་གནའ་རྫས་རྟོག་ཞིབ་ཚོགས་པ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་མཉམ་འབྲེལ་གནའ་རྫས་རྟོག་ཞིབ་ཀྱི་ལས་དོན་ཟམ་མི་ཆད་པར་སྐུལ་འདེད་གཏོང་བར་བསྟུན་ནས། ཕྱི་དབང་དུང་དཀར་དུར་སའི་གནའ་ཤུལ་གྱི་གནའ་རྫས་རྟོག་ཞིབ་ཀྱི་བརྟག་དཔྱད་དང་སྔོག་འདོན་ལས་དོན་ལ་གྲུབ་འབྲས་ཆེན་པོ་བྱུང་སྟེ། ད་བར་ལོ་ངོ་2000ཙམ་ཡོད་པའི་རིག་དངོས་རྩ་ཆེན་ཁག་ཅིག་ས་འོག་ནས་ཐོན་ཡོད། “ང་ཚོས་ས་འོག་ནས་ཐོན་པའི་རྫ་སྣོད་དང་ཤིང་སྒམ་ཞིག་གི་ནང་དུ་སོ་སོར་ཧན་ཅིན་དུས་སྐབས་ཀྱི་འབྲས་དང་ཇ་ལོ་རྙེད་པ་དང་། དུས་མཚུངས་སུ་ཨེ་ཤ་ཡ་དབུས་མའི་ཁྱད་ཆོས་ལྡན་པའི་མེ་ལོང་ཡུ་བ་ཅན་ཞིག་ཀྱང་རྙེད་ཡོད། སི་ཁྲོན་སློབ་ཆེན་ལོ་རྒྱུས་རིག་གནས་སློབ་གླིང་གི་ཡོན་ཀྲང་དང་ཕྱི་དབང་དུང་དཀར་གནའ་ཤུལ་གྱི་གནའ་རྫས་རྟོག་ཞིབ་གྱི་འགན་འཁུར་དགེ་རྒན་ཆེན་མོ་ཧོ་ཝའེ་ཡིས། འདིས་ཕལ་ཆེར་སངས་རྒྱས་ཆོས་ལུགས་དུས་སྐབས་གོང་གི་ཕྱི་དབང་དུང་དཀར་རྒྱུད་དང་སྔོན་ཆད་ཀྲུང་ཡོན་བར་འགྲོ་འོང་དམ་ཟབ་ཡོད་ཅིང་། དུས་མཚུངས་སུ་མཐའ་འཁོར་གྱི་ཤེས་རིག་གི་ཤུགས་རྐྱེན་ཡང་ཐེབས་པ་མཚོན་ཡོད་ཅེས་བརྗོད། ཕྱི་དབང་དུང་དཀར་ནི་བོད་ལྗོངས་མངའ་རིས་ས་ཁུལ་རྩྭ་མདའ་རྫོང་གི་ཁོངས་སུ་ཡོད་ཅིང་། བོད་ལྗོངས་སུ་ད་བར་ཤེས་རྟོགས་བྱུང་བའི་ནང་བསྟན་བྲག་ཕུག་གནའ་ཤུལ་གཞི་ཁྱོན་ཆེ་ཤོས་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1