རང་རེའི་ཞིང་ཆེན་གྱིས་དུས་རབས་གསར་པའི་བདེ་ཐང་གི་སྐུ་སྲུང་བ་ཞེས་པའི་མིང་བཏགས་བྱེད་སྒོ་སྤེལ།

མཁའ་འགྲོ་མཚོས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-23




          ཟླ་8པའི་ཚེས་21ཉིན་གྱི་དགོང་མོར། ཞིང་ཆེན་ཏང་ཨུའི་དྲིལ་བསྒྲགས་པུའུ་དང་ཞིང་ཆེན་དཔལ་ཡོན་གཞུང་སྒྲུབ་ཁང་། ཞིང་ཆེན་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་བཅས་ཀྱིས་གཙོ་སྒྲུབ་གནང་པས་དུས་རབས་གསར་པའི་བདེ་ཐང་གི་སྐུ་སྲུང་བ་ཞེས་པའི་མིང་བཏགས་བྱེད་སྒོ་དང་། བདེ་ཐང་གི་སི་ཁྲོན། ཕུལ་བྱུང་གི་སྨན་པ་ཞེས་པའི་དྲིལ་བསྒྲགས་བྱེད་སྒོ་དེ་ཁྲེན་ཏུའུ་ནས་སྤེལ། སྨན་བཅོས་ལས་སྒྲུབ་པ་2836ལ་སི་ཁྲོན་ཞིང་ཆེན་གྱི་སྐབས་དང་པོའི་དུས་རབས་གསར་པའི་བདེ་ཐང་གི་སྐུ་སྲུང་བ་ཞེས་པའི་མཚན་སྙན་ཐོབ། ཞིང་ཆེན་སྲིད་གཞུང་གི་འགོ་འཛིན་གཞོན་པ་ཝང་དབྱི་ཧོང་བྱེད་སྒོའི་ཁྲོད་དུ་ཞུགས་པ་རེད།
བྱེད་སྒོའི་ཡུལ་དངོས་སུ་དཔེ་སྟོན་ནུས་པ་ལྡན་པའི་གཏམ་རྒྱུད་ཀྱི་བཅར་འདྲི་དང་བརྙན་སོགས་བསྟན་ཏེ། དུས་རབས་གསར་པའི་བདེ་ཐང་གི་སྐུ་སྲུང་བ་དང་། བདེ་ཐང་གི་སི་ཁྲོན། ཕུལ་བྱུང་གི་སྨན་པ་ཞེས་པའི་མཚན་སྙན་ཐོབ་མཁན་གྱི་སྔོན་ཐོན་གྱི་མཛད་རྗེས་ཡང་བསྐྱར་མི་རྣམས་ཀྱི་མིག་ལམ་དུ་མངོན་པར་བྱས་པས། ཡུལ་དངོས་ཀྱི་ལྟད་མོ་བ་དང་སྨན་བཅོས་མི་སྣར་སེམས་འགུལ་ཐེབས་སུ་བཅུག  ཚང་མས་ཁོ་ཚོ་ལ་སློབ་སྦྱོང་དང་མིག་དཔེར་བལྟས་ནས། མཉམ་གཅིག་ཏུ་རང་རེའི་ཞིང་ཆེན་གྱི་འཕྲོད་བསྟེན་བདེ་ཐང་གི་བྱ་བཞག་དེ་སྤུས་ཚད་མཐོན་པའི་ཕྱོགས་སུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏང་རྒྱུའི་རྣམ་པ་བསྟན་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1