རང་རྒྱལ་གྱི་རྟའི་རིག་གནས་ཡུལ་སྐོར་འཕེལ་རྒྱས་མཐུན་ཚོགས་ཐོག་མ་དཀར་མཛེས་ཁུལ་དུ་བཙུགས།

རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 08-28


        ཉེ་ཆར། 2018ལོའི་སྐབས་དང་པོའི་དར་མདོའི་མི་ཉག་བུམ་པ་རྟགས་ཅན་གྱི་མི་རིགས་ཀྱི་རྟ་རྒྱུག་འགྲན་ཚོགས་དེ་མི་ཉག་གནས་མཆོག་ལྗོངས་ཁུལ་དུ་སྤེལ་བ་རེད།
        འགོ་ཚུགས་མཛད་སྒོའི་ཐོག་དར་མདོ་གྲོང་ཁྱེར་གྱི་རྟའི་རིག་གནས་ཡུལ་སྐོར་འཕེལ་རྒྱས་མཐུན་ཚོགས་དངོས་སུ་འཛུགས་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པར་མ་ཟད། ཅ་ཅ་ཚོགས་གཙོའི་ཐོག་མའི་འགན་ཁུར་པར་བསྐོ་བཞག་བྱས་པ་རེད། འདི་ནི་ད་ལྟའི་བར་རང་རྒྱལ་གྱི་རྟའི་རིགས་གནས་ཡུལ་སྐོར་མཐུན་ཚོགས་ཐོག་མ་དེ་ཡིན་ཞིང་། འབྲེལ་ཡོད་འགན་ཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། མཐུན་ཚོགས་ཀྱིས་རྟའི་རིག་གནས་ཡུལ་སྐོར་ལས་གཞི་རྩེ་གྲ་བཏོད་ནས་དཀར་མཛེས་ཁུལ་གྱི་རྟའི་རིག་གནས་ཡུལ་སྐོར་སྤུས་རྟགས་བཏོད་དེ་རྟའི་རིག་གནས་དང་། རྟའི་སྙིང་སྟོབས་སྐུལ་འདེད་གཏང་རྒྱུ་དེ་དཀར་མཛེས་ཁུལ་གྱི་མཚོན་རྟགས་བྱས་ཏེ། དཀར་མཛེས་ཁུལ་གྱི་རིག་གནས་ཡུལ་སྐོར་གྱི་སྲོག་ཤིང་གི་འགྲན་སློང་ནུས་པ་ཆགས་པར་བྱ་རྒྱུ་ཡིན་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1