ཞིང་ལས་ཐོན་ལས་ཀྱིས་དབུལ་སྐྱོར་བྱེད་པའི་ལོ་གསུམ་གྱི་འགག་སྒྲོལ་བྱ་བ་ལེགས་པོར་བསྒྲུབ་དགོས།

མཁའ་འགྲོ་མཚོས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 08-28



            ཞིང་ཆེན་ཞིང་ལས་ཐིང་གིས་ཉིན་འགའི་སྔོན་དུ་ཞིང་ལས་ཐོན་ལས་ཀྱིས་དབུལ་སྐྱོར་བྱས་ནས་ལོ་གསུམ་གྱི་འགག་སྒྲོལ་བྱ་བ་ལེགས་པོར་བསྒྲུབ་པའི་ལག་བསྟར་འཆར་གཞི་ཞེས་པ་བཏོན་ཏེ། 2020ལོར་། ཞིང་ཆེན་ཡོངས་ཀྱི་དབུལ་ཕོངས་ས་ཁུལ་དུ་ཁྱད་ལྡན་ཞིང་ལས་ཐོན་རྫས་སྐོར་གཅིག་ཐོན་སྐྱེད་དང་ལས་སྣོན། ཞབས་ཞུའི་རྟེན་གཞི་བསྐྲུན་པ་བཅས་བྱས་ནས། དབུལ་ཕོངས་གི་ཤང་དང་གྲོང་རྡལ། དེ་མིན་དབུལ་ཕོངས་སྡེ་བའི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་མ་ལག་ཁག་གཅིག་ཐོག་མར་བཙུགས་ཐོག  རྒྱལ་ཡོངས་སུ་གྲགས་ཆེ་བའི་ཞིང་ལས་ཐོན་རྫས་ཀྱི་ཐོན་རྫས་ཁག་གཅིག་བཟོས་ཏེ།ཞིང་ལས་ཐོན་ལས་ལ་བརྟེན་ནས་དབུལ་བྲལ་བྱུང་དགོས་པའི་བྱང་བུ་དང་ཡིག་ཚགས་ཡོད་པའི་དབུལ་ཕོངས་མི་འབོར་ཁྲི་52 དབུལ་བྲལ་ཡོང་བའི་འཆར་གཞི་དེ་གསལ་བོར་བཏོན་པ་རེད། 
        མ་འོངས་པའི་ལོ་གསུམ་གྱི་ནང་དུ། རང་རེའི་ཞིང་ཆེན་གྱིས་དབུལ་ཕོངས་ས་ཁུལ་གྱི་ཁྱད་ལྡན་གྱི་སྤུས་ལེགས་ཐོན་ལས་འཕེལ་རྒྱས་དང་རྣམ་པ་གསར་པའི་གཉེར་སྐྱོང་བྱེད་ལུགས་གསོ་སྐྱོང་། དེང་རབས་ཞིང་ལས་གླིང་ཁུལ་འཛུགས་སྐྲུན། ཞིང་ལས་ཐོན་རྫས་ཐོན་ཚོང་འབྲེལ་མཐུད་ཀྱི་ནུས་པ་དང་ཐོན་ལས་དབུལ་སྐྱོར་འདེགས་སྐྱོར་བྱེད་པར་འགན་ལེན་བྱེད་པའི་ནུས་པ་མཐོར་འདེགས། གྲོང་གསེབ་བཅོས་བསྒྱུར་སོགས་ཕྱོགས་སུ་སྟོབས་ཤུགས་འདོན་པ་སོགས་གཅིག་ཏུ་བསྡུས་ནས། ཧུར་ཐག་གིས་དབུལ་ཕོངས་ཚབས་ཆེ་བའི་ས་ཁུལ་གྱི་ཐོན་ལས་འཕེལ་རྒྱས་སུ་འགྲོ་བར་རྒྱབ་སྐྱོར་བྱ་དགོས།

     རང་རེའི་ཞིང་ཆེན་གྱི་ཐོན་ཁུངས་གཅིག་ཏུ་བསྡུས་ནས་དབུལ་ཕོངས་ཚབ་ཆེ་བའི་རྫོང་45ཡི་སྤུས་ལེགས་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སུ་གཏོང་བར་རོགས་སྐྱོར་བྱས་ཏེ། གསར་དུ་ཁ་སྣོན་བྱས་པའི་ཐོན་ལས་ཀྱི་དབུལ་སྐྱོར་དངུལ་རྩ་དང་རྣམ་གྲངས། བྱེད་ཐབས་གལ་ཆེན་ཁག་གཅིག་ཏུ་བསྡུས་ཏེ་དབུལ་ཕོངས་ཚབས་ཆེ་བའི་ས་ཁུལ་དུ་བཀོལ་བ་དང་། 2020ལོར། དབུལ་ཕོངས་ཚབས་ཆེ་བའི་ས་ཁུལ་དུ་ཚད་གཞི་མཐོ་བའི་ས་ཞིང་མུའུ་ཁྲི་3འཛུགས་པ་དང་། ཞིང་ལས་ལ་ཕན་པའི་ཆ་འཕྲིན་ཁང་3264བསྐྲུན་ཏེ། རིམ་བསགས་བྱས་ན་ཞིང་བའི་མཉམ་ལས་ཁང་1000དང་། ཁྱིམ་ཚང་གི་ཞིང་ར་400གསོ་སྐྱོང་བྱས་ནས། དབུལ་ཕོངས་སྡེ་བ་སོ་སོར་རྣམ་པ་གསར་བའི་གཙོ་གཉེར་གྱི་སྣེ་ཁྲིད་བྱས་ཏེ། སྡེ་བའི་ལོ་ཧྲིལ་བོའི་གཅིག་བསྡུས་དཔལ་འབྱོར་གྱི་གཉེར་སྐྱོང་རང་བཞིན་གྱི་ཡོང་འབབ་དེ་ཚད་ཐིག་ཏུ་སླེབས་པར་ཁག་ཐེག་བྱ་དགོས།  
           འཆར་གཞི་ལས་དབུལ་ཕོངས་རྫོང་གིས་ནོར་སྲིད་བསྡུ་སྒྲིག་བྱེད་པའི་ཁྲོད་འདུས་པའི་ཞིང་ལས་ཀྱི་དངུལ་རྩའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་དང་། ས་གནས་སོ་སོས་དབུལ་སྐྱོར་གྱི་གཙོ་ཁྲིད་ལྡན་པའི་ཐོན་ལས་ལ་འཕྲད་པའི་ལག་རྩ་དང་ཁྲོམ་ར་སོགས་ཀྱི་ཉེན་ཁར་དཔྱད་དཔོག་བྱ་དགོས་པར་མ་ཟད། འགོག་སྲུང་དང་ཐག་གཅོད་བྱེད་ཐབས་བཟོ་དགོས། གཞན་ད་དུང་ཐོན་ལས་ཀྱིས་དབུལ་སྐྱོར་དེ་གྲོང་ཁྱེར་དང་རྫོང་ཏང་ཨུ་དང་སྲིད་གཞུང་གིས་དབུལ་སྐྱོར་གསར་སྦོལ་བྱ་བའི་ནུས་ལྡན་གྱི་དཔྱད་དཔོག་ཁྲོད་ཀྱི་སྡུར་ཚད་ཆེ་རུ་བཏང་ཐོག  ཐོན་ལས་ཀྱི་དབུལ་སྐྱོར་བྱེད་པའི་སྲིད་ཇུས་ཀྱི་བྱེད་ཐབས་དོན་འཁྱོལ་དང་། དབུལ་སྐྱོར་ཐོན་ལས་ཡོངས་སུ་ཁེབས་པ། རྣམ་པ་གསར་པའི་གཉེར་སྐྱོང་རང་བཞིན་གྱི་སྣེ་ཁྲིད་སོགས་གནས་ཚུལ་ལ་དཔྱད་དཔོག་བྱ་དགོས་པ་གསལ་བོར་བཏོན་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1