༄༅།། དབང་པོ་སྐྱོན་ཅན་འདྲ་མཉམ་སྒོས་གཏུག་བཤེར་ནང་ཞུགས་པར་དངོས་གནས་འགན་སྲུང་བྱེད་དགོས།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 08-28


        ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཀྲུང་གོ་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་གཉིས་ཀྱིས་མཉམ་དུ《བསམ་འཆར》བཏོན་པ་སྟེ།
        ཉེ་ཆར།ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཀྲུང་གོ་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་གཉིས་ཀྱིས་མཉམ་དུ《ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཀྲུང་གོ་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་འདྲི་གཅོད་ལག་བསྟར་བྱ་བའི་ཁྲོད་དབང་པོ་སྐྱོན་ཅན་གྱི་ཁྲིམས་མཐུན་ཁེ་དབང་དངོས་གནས་འགན་སྲུང་བྱེད་དགོས་པའི་སྐོར་གྱི་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བསྡུས་ཡོད།)བཏོན་པ་དང་།《བསམ་འཆར》ལ་བསྡོམས་པས་དོན་ཚན22ཡོད་ལ།དེའི་དམིགས་ཡུལ་ནི་ལམ་ལུགས་དང་བྱེད་ཐབས་འཐུས་ཚང་དུ་གཏོང་བ་བརྒྱུད་དེ།རྒྱལ་ཁབ་ཀྱི་ཁྲིམས་འཛིན་སྐྱོབ་རོགས་དང་བཅའ་ཁྲིམས་རོགས་སྐྱོར།བཅའ་ཁྲིམས་ཞབས་ཞུ་སོགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ།དབང་པོ་སྐྱོན་ཅན་འདྲ་མཉམ་སྒོས་གཏུག་བཤེར་བྱ་འགུལ་ནང་ཞུགས་པར་དངོས་གནས་འགན་སྲུང་བྱེད་རྒྱུ་དེ་རེད།
        《བསམ་འཆར》ནང་དམ་ལྷོད་ཟུང་འབྲེལ་གྱི་སྲིད་ཇུས་རྒྱུན་འཁྱོངས་བྱས་ཏེ།དབང་པོ་སྐྱོན་ཅན་དང་འབྲེལ་བའི་ཉེས་དོན་ཉེས་བསགས་གྱོད་དོན་ཁྲིམས་ལྟར་ཞིབ་བཤེར་བྱེད་པ་དང་།རྩ་འཛུགས་དང་མཐུན་སྦྱོར་བྱེད་པར་ཤུགས་བསྣན་ནས།དབང་པོ་སྐྱོན་ཅན་གྱི་དོ་བདག་པའི་ཁེ་དབང་འགན་སྲུང་བྱེད་པའི་ཡུན་ཕན་ནང་རྐྱེན་བསྟུད་མར་འཐུས་ཚང་དུ་གཏོང་དགོས་པ་གཏན་འཁེལ་བྱས་ཡོད།
        《བསམ་འཆར》ནང་དབང་པོ་སྐྱོན་ཅན་འདྲ་མཉམ་སྒོས་གཏུག་བཤེར་བྱ་འགུལ་ནང་ཞུགས་པར་འགན་སྲུང་གང་ལེགས་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ།དབང་པོ་སྐྱོན་ཅན་གྱི་ཁྲིམས་མཐུན་ཁེ་དབང་དངོས་གནས་སྲུང་སྐྱོབ་བྱེད་པ་དང་།དབང་པོ་སྐྱོན་ཅན་གྱིས་གཏུག་བཤེར་བྱེད་པར་སྟབས་བདེ་བཟོ་དགོས།ཁྲིམས་ལྟར་ཚད་ལྡན་དུ་གཏོང་བའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ།ཁྲིམས་སྐྱོང་གི་རིག་ལམ་དང་ཁྲིམས་སྐྱོང་བྱེད་ཐབས་སྤྱད་དེ་དབང་པོ་སྐྱོན་ཅན་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་དགོས།གནད་དོན་ཐག་གཅོད་པ་ཁྲིད་ཕྱོགས་སུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ།ས་ཆ་སོ་སོའི་ཉམས་མྱོང་དང་བྱེད་ཐབས་བསྡུ་ལེན་གང་ལེགས་བྱས།
        《བསམ་འཆར》ནང་བླང་བྱ་བཏོན་ཡོད་པ་སྟེ།དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁྲིམས་ལྟར་འགན་འཁྲི་ལག་བསྟར་བྱེད་པར་མི་དམངས་ཁྲིམས་ཁང་གིས་རྒྱབ་སྐྱོར་བྱེད་དགོས་པ་དང་།དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་རང་འགུལ་སྒོས་དབང་པོ་སྐྱོན་ཅན་ལ་བཅའ་ཁྲིམས་རོགས་སྐྱོར་དང་ཞབས་ཞུ་བྱེད་པའི་འགན་འཁྲི་ཕྲག་ཏུ་བླངས་ནས།དམངས་དོན་ཁེ་དབང་ལ་གནོད་འཚེ་ཐེབས་པའི་དབང་པོ་སྐྱོན་ཅན་དང་དབང་པོ་སྐྱོན་ཅན་རྩ་འཛུགས།དབང་པོ་སྐྱོན་ཅན་ཞབས་ཞུ་ལས་ཁུངས་བཅས་ཀྱིས་ཁྲིམས་ལྟར་མི་དམངས་ཁྲིམས་ཁང་ལ་གཏུག་བཤེར་བྱེད་པར་རྒྱབ་སྐྱོར་བྱས་ཏེ།གཏུག་བཤེར་རམ་འདེགས་ཞབས་ཞུའི་བྱ་བར་ཧུར་བརྩོན་གྱིས་མཉམ་སྡེབ་བྱེད་པ་དང་།དབང་པོ་སྐྱོན་ཅན་གཏུག་བཤེར་བྱ་འགུལ་ནང་ཞུགས་པར་སྟབས་བདེ་བཟོ་དགོས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1