རྔ་བ་ཁུལ་གྱི་དབང་བོ་སྐྱོན་ཅན་གྱི་ལུས་རྩལ་བར་གསེར་གྱི་རྟགས་མ་ཐོབ་པ།

རྩོམ་སྒྲིག་པ།ཡོང་ཁུངས།རྔ་བ་བརྙན་འཕྲིན་ཁང་། སྤེལ་དུས། 08-29


        ཟླ8པའི་ཚེས23ཉིན་གྱི་སྔ་དྲོར།  སི་ཁྲོན་ཞིང་ཆེན་སྐབས་དགུ་བའི་དབང་བོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས་དང་སྐབས་བཞི་བའི་དམིགས་བསལ་གྱི་ཨོ་ལིན་ཕིག་ལུས་རྩལ་འགན་ཚོགས་ཐོག   རྔ་བ་རྫོང་གི་ལུས་རྩལ་བ་ལེགས་མཛེས་མས་བུད་མེད་ལྗིད་འདེགས་ཀྱི་སྤྱི་རྒྱ44ཡི་རྣམ་གྲངས་ཀྱི་གསེར་གྱི་རྟགས་མ་བླངས།  འདི་ནི་རང་ཁུལ་གྱི་ལས་རྩལ་བས་ཞིང་ཆེན་གྱི་དབང་བོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས་སུ་བླངས་པའི་ལྗིད་འདེགས་རྣམ་གྲངས་ཀྱི་གསེར་གྱི་རྟགས་མ་ཐོག་མ་ཡིན་པར་མ་ཟད།    སྐབས་འདིའི་དབང་བོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས་ཐོག་བླངས་པའི་གསེར་གྱི་རྟགས་མ་ཐོག་མའང་ཡིན།  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1