འདོ་བ་སྡེ་བའི་ཧྲུའུ་ཅི་དང་པོ་ཧོ་ཅན་གྱིས་དབུལ་སྒྲོལ་འགན་འཁྲི་ཕྲག་ཏུ་ཁུར་བ།

རྩོམ་སྒྲིག་པ།ཡོང་ཁུངས།རྔ་བ་བརྙན་འཕྲིན་ཁང་། སྤེལ་དུས། 08-29


      2015ལོའི་ཟླ་9བར། རྔ་བ་རྫོང་བདེ་འཇགས་ཞིབ་དཔྱོད་ལས་ཁུངས་ཀྱི་འགོ་ཁྲིད་གཞོན་པ་ཧོ་ཅན་མཚན་ཉིད་ཡུལ་ཚོའི་འདོ་བ་སྡེ་བའི་ཧྲུའུ་ཅི་དང་པོའི་འགན་བཞེས་པ་དང་། ཁོས་དམིགས་འདུན་ཆེས་ཆེ་བ་ནི་འདོ་བ་སྡེ་བའི་དབུལ་ཕོངས་ཁྱིམ་ཚང་དབུལ་སྒྲོལ་བྱ་རྒྱུ་དང་། མང་ཚོགས་རྣམས་ཀྱིས་འཚོ་བ་ཇེ་རྒྱས་ཇེ་ལེགས་སུ་གཏོང་རྒྱུ་དེ་ཡིན་པ་རེད།

       ཧོ་ཅན་གྱིས་པང་དུ་བླངས་པའི་བྱིས་པ་འདི་ནི་འདོ་བ་སྡེ་བའི་དབུལ་ཕོངས་ཁྱིམ་ཚང་སྨོན་ལམ་ཚང་གི་བྱིས་པ་ཆེས་ཆུང་བ་དེ་ཡིན་པ་རེད། སྨོན་ལམ་ཚང་ལ་ཁྱིམ་མི་9ཡོད་ཀྱང་། ངལ་རྩོལ་བྱེད་མཁན་2མ་གཏོགས་གཞན་བྱིས་པ་5དང་དབང་བོ་སྐྱོན་ཅན་གྱི་རྒ་རྒས་2ཡོད་པ་རེད། ཁྱིམ་ཚང་འདི་ནི་འདོ་བ་སྡེ་བའི་མིག་སྔར་དབུལ་གྲོལ་མ་བྱས་པའི་དབུལ་ཕོངས་ཁྱིམ་ཚང་གཅིག་པུ་ཡིན་པ་རེད།
        མཚན་ཉིད་ཡུལ་ཚོའི་འདོ་བ་སྡེ་བ་ནི་རྨང་གཞིའི་འཛུགས་སྐྲུན་ཅུང་རྗེས་ལུས་ཡིན་པ་དང་། དཔལ་འབྱོར་གྱི་ཡོང་འབབ་དམའ་བའི་དབུལ་ཕོངས་སྡེ་བ་ཡིན་པས། སྡེ་བ་ཡོངས་བདེ་ལེགས་ངང་དབུལ་གྲོལ་འགན་ལེན་བྱེད་རྒྱུ་ནི་ཧོ་ཅན་ལ་མཚོན་ན་ལས་ཀ་དཀའ་མོ་ཞིག་ཡིན་པ་རེད། སྡེ་བའི་ཁྱིམ་ཚང་དུ་སོང་ནས་ཁྱིམ་ཚང་གི་གནས་ཚུལ་ལ་རྒྱུས་ལོན་བྱེད་པའི་གོ་རིམ་ཁྲོད་ནས་ཧོ་ཅན་གྱིས་ཤེས་རྟོགས་བྱུང་བ་ལྟར་ན། དབུལ་གྲོལ་བྱེད་དགོས་ན་བསམ་བློ་ལ་འགྱུར་ལྡོག་གཏོང་རྒྱུ་ནི་རྩ་བ་ཡིན་པ་རེད། ངལ་རྩོལ་གྱི་ལག་རྩལ་དང་གཅིག་བསྡུས་དཔལ་འབྱོར་མེད་པས། མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་བྱེད་ཁུངས་མེད་པ་རེད། དེ་བས། ཧོ་ཅན་གྱིས་འདས་སོང་གི་ལས་ཀའི་ཉམས་མྱོང་དང་འབྲེལ་ཡོད་སྲིད་ཇུས་ཀྱི་ལེགས་ཆ་སྤྱད་ནས། འདོ་བ་སྡེ་བ་ལ་ལག་རྩལ་སྦྱོང་བརྡར་གྱི་གོ་སྐབས་དང་དམངས་འཚོའི་ལས་གཞིའི་མ་དངུལ་སོགས་བརྩོན་ལེན་བྱས་པ་དང་། རང་ཉིད་ཀྱིས་བོད་སྐད་ཤེས་པའི་ལེགས་ཆ་སྤྱད་ནས་རྒྱུན་དུ་མང་ཚོགས་ལ་འཚོ་བའི་ཕྱོགས་ཀྱི་ཁ་བརྡ་བྱས་ཏེ། མང་ཚོགས་རྣམས་ལ་་འབྲེལ་ཡོད་སྲིད་ཇུས་དང་བསམ་བློ་སོགས་ཤེས་རྟོགས་བྱེད་དུ་བཅུག་པ་དང་། ཧྲུའུ་ཅི་དང་པོའི་ལས་འགན་ལོ་གསུམ་རིང་དུ་ཁུར་བ་ནས་བཟུང་། ཧོ་ཅན་ཟླ་རེར་སྡེ་བ་འདིའི་དབུལ་ཕོངས་ཁྱིམ་ཚང་10ལྷག་ལ་སོང་ནས་འཚམས་འདྲི་བྱས་ཤིང་།མང་ཚོགས་ཀྱིས་བཏོན་པའི་རེ་འདུན་200ལྷག་བསྡུ་ལེན་བྱས་པ་རེད།

     འདས་བའི་ལོ་གསུམ་གྱི་རིང་ལ། འདོ་བ་སྡེ་བའི་2015ལོའི་མི་རེའི་ཡོང་འབབ་དམངས་སྒོར་4800ཡང་མི་ལོན་པ་ནས། 2017ལོའི་ལོ་མཇུག་ཏུ་མི་རེའི་ཡོང་འབབ་6245ལ་འཕར་ཡོད་པ་དང་། རྨང་གཞི་འཛུགས་སྐྲུན་རྗེས་ལུས་ཡིན་པ་ནས་ཅུང་ཆ་ཚང་དུ་བཏང་བ་དང་།མང་ཚོགས་ཀྱི་གཞན་བརྟེན་གྱི་བསམ་བློར་བསྒྱུར་བཅོས་བྱས་ནས་རང་འགུལ་གྱིས་འབད་པ་བྱས་ཏེ། བདེ་སྐྱིད་འཚོ་བ་ལ་སྙེག་པའི་གོམས་གཤིས་བཟང་བོ་ལེགས་སྐྱོང་བྱས་ཤིང་། དབུལ་ཕོངས་ཁྱིམ་ཚང་གི་སྡོད་གནས་ཀྱི་དཀའ་ངལ་དང་ནད་བཅོས་ཀྱི་དཀའ་ངལ། གློག་ནུས་ཀྱི་དཀའ་ངལ། འཐུང་ཆུའི་དཀའ་ངལ་བཅས་བཅོས་སྐྱོང་བྱས་ནས། སེམས་ཁུར་གཉིས་མེད་དང་འགན་ལེན་གསུམ་གྱི་དམིགས་འབེན་མངོན་འགྱུར་བྱས་པ་དང་། གྲུབ་འབྲས་འདི་དག་ནི་དགའ་འོས་པའི་འགྱུར་ལྡོག་ཅིག་ཡིན་པ་མ་ཟད། ཧོ་ཅན་གྱི་འབད་བརྩོན་གྱི་རྔུལ་ཆུ་དང་བྲལ་ཐབས་མེད་པས། འདོ་བ་སྡེ་བའི་སྡེ་དམངས་ཡོངས་ཀྱིས་ཧོ་ཅན་གྱི་ལས་ཀ་ལ་ཁས་ལེན་ཆེན་པོ་བྱེད་བཞིན་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1