རྒྱལ་ཡོངས་ཀྱི་ཕྱིར་ལོག་ཕྱིར་སྡོད་རང་མི་དང་ཕྱིར་སྡོད་རང་མིའི་ཁྱིམ་མིའི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་པ་པེ་ཅིན་ནས་ཚོགས་འགོ་བརྩམས།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 08-30


        ཟླ8པའི་ཚེས29ཉིན། རྒྱལ་ཡོངས་ཀྱི་ཕྱིར་ལོག་ཕྱིར་སྡོད་རང་མི་དང་ཕྱིར་སྡོད་རང་མིའི་ཁྱིམ་མིའི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་པ་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས་འགོ་བརྩམས། འདི་ནི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་སྟེགས་བུའི་སྟེང་ཚོགས་འདུར་ཞུགས་པའི་འཐུས་མི་རྣམས་ལ་གུས་འདུད་ཞུ་བའི་ཚུལ་རེད།

        ཞི་ཅིན་ཕིང་དང་ལིས་ཁི་ཆང་། ལིས་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན། ཝང་ཆི་ཧྲན་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཀྲུའུ་ཞིའི་སྟེགས་བུའི་སྟེང་བཞུགས་ནས་ཚོགས་ཆེན་བསྡུས་པར་རྟེན་འབྲེལ་ཞུས།
        རྒྱལ་ཡོངས་ཀྱི་ཕྱིར་ལོག་ཕྱིར་སྡོད་རང་མི་དང་ཕྱིར་སྡོད་རང་མིའི་ཁྱིམ་མིའི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་པ་ཚེས་ཉེར་དགུ་ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས་འགོ་བརྩམས། ཞི་ཅིན་ཕིང་དང་ལིས་ཁི་ཆང་། ལིས་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན། ཝང་ཆི་ཧྲན་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཀྲུའུ་ཞིའི་སྟེགས་བུའི་སྟེང་བཞུགས་ནས་ཚོགས་ཆེན་བསྡུས་པར་རྟེན་འབྲེལ་ཞུས།
        མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་དུ་གློག་འོད་རྣམ་པར་བཀྲ་བ་དང་དགའ་སྤྲོའི་དཔལ་གྱིས་ཁེངས་ཡོད། ཀྲུའུ་ཞིའི་སྟེགས་བུའི་ཀླད་དུ་རྒྱལ་ཡོངས་ཀྱི་ཕྱིར་ལོག་ཕྱིར་སྡོད་རང་མི་དང་ཕྱིར་སྡོད་རང་མིའི་ཁྱིམ་མིའི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་པ་ཞེས་པའི་ཚོགས་རྟགས་བཀལ་ཡོད་ལ། རྒྱབ་རས་ཀྱི་དཀྱིལ་དུ་གླིང་ཆེན་ལྔའི་ཕྱིར་སྡོད་རང་མིའི་སྤུན་ཟླའི་སེམས་པ་མེས་རྒྱལ་ལ་ཕྱོགས་པ་མཚོན་པའི་ཀྲུང་གོ་ཕྱིར་སྡོད་རང་མི་མཉམ་འབྲེལ་ལྷན་ཚོགས་ཀྱི་རྟགས་བཀལ་ཡོད་པ་དང་། དེའི་མཐའ་གཉིས་སུ་དར་དམར་བཅུ་བསྒྲིགས། ཉིས་ཐོག་གི་གཟིགས་སྟེགས་སྟེང་དུ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་བསྐོར་དུ་མཐུན་སྒྲིལ་དམ་པོ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་ནས། རྒྱ་ཆེའི་ཕྱིར་ལོག་ཕྱིར་སྡོད་རང་མི་དང་ཕྱིར་སྡོད་རང་མིའི་ཁྱིམ་མི། ཕྱི་རྒྱལ་དུ་ཡོད་པའི་རང་མི་སྤུན་ཟླ་བཅས་མཐུན་སྒྲིལ་གཅིག་སྡུད་ཡོང་བར་བྱས་ཏེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཆེད་འབད་འཐབ་ལྷོད་མེད་བྱེད་ཅེས་བྲིས་པའི་འཕྲེད་བྱང་ཆེན་པོ་བཀལ་ཡོད། རྒྱལ་ཡོངས་ཀྱི་ས་ཁུལ་སོ་སོའི་ཕྱིར་ལོག་ཕྱིར་སྡོད་རང་མི་དང་ཕྱིར་སྡོད་རང་མིའི་ཁྱིམ་མིའི་འཐུས་མི་སྟོང་གཅིག་དང་སུམ་བརྒྱ་ཙམ་དང་། རྒྱལ་ཁབ་བརྒྱ་དང་བཅུ་ལྷག་ནས་ཡོང་བའི་ཕྱིར་སྡོད་རང་མི་སྤུན་ཟླ་བདུན་བརྒྱ་ཙམ་དགའ་སྤྲོའི་ངང་ལྷན་དུ་འཛོམས།
        སྔ་དྲོའི་དུས་ཚོད་དགུ་དང་ཕྱེད་ཀའི་སྟེང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་སོགས་ཚོགས་རར་ཐོན་པ་ན། ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲས་ཁེངས།
        ཚོགས་ཆེན་རྔམ་བརྗིད་ལྡན་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུའི་ཁྲོད་ནས་འགོ་བརྩམས།
        ཀྲའོ་ལི་ཅི་ཡིས་ཏང་ཀྲུང་དབྱང་གི་ཚབ་མཛད་ནས་ཁ་ཡིག་ལ་དུས་རབས་གསར་པར་ཕྱིར་སྡོད་རང་མིའི་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་མི་རིགས་བསྐྱར་དར་གྱི་ལོ་རྒྱུས་གསར་པ་འབྲི་དགོས་ཞེས་པའི་ཞུ་ཚིག་ཕུལ། ཀྲའོ་ལི་ཅི་ཡིས་ཐོག་མར་ཚོགས་ཆེན་བསྡུས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་དང་། རྒྱ་ཆེའི་ཕྱིར་ལོག་ཕྱིར་སྡོད་རང་མི་དང་ཕྱིར་སྡོད་རང་མིའི་ཁྱིམ་མི། ཕྱི་རྒྱལ་དུ་ཡོད་པའི་རང་མི་སྤུན་ཟླ། ཕྱིར་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས་ཀྱི་བྱ་བ་སྒྲུབ་མཁན་བཅས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུས།
        ཀྲའོ་ལི་ཅི་ཡིས་ཞུ་ཚིག་ཁྲོད་དུ་གསུངས་རྒྱུར། རྒྱལ་ཡོངས་ཕྱིར་ལོག་ཕྱིར་སྡོད་རང་མི་དང་ཕྱིར་སྡོད་རང་མིའི་འཐུས་མིའི་ཚོགས་ཆེན་ཐེངས་དགུ་པའི་ཚུན་ལ། རིམ་པ་སོ་སོའི་ཕྱིར་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་འདུ་ཤེས་བཞི་བརྟན་པོར་བཙུགས་པ་དང་། རང་རྟོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་ནས། ཡར་བརྩོན་ལྷོད་མེད་དང་དངོས་འཛིན་བདེན་སྒྲུབ་ཀྱིས་ཕྱིར་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས་ཀྱི་བཅོས་སྒྱུར་ཟབ་སྤེལ་བྱས་པས། བྱ་བ་སྣ་ཚོགས་ལ་གྲུབ་འབྲས་གསར་པ་ཐོབ་པ་དང་། ཕྱིར་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་བྱེད་པར་སྣང་བརྙན་གསར་པ་བྱུང་ཡོད། རྒྱ་ཆེའི་ཕྱིར་ལོག་ཕྱིར་སྡོད་རང་མི་དང་ཕྱིར་སྡོད་རང་མིའི་ཁྱིམ་མི། ཕྱི་རྒྱལ་དུ་ཡོད་པའི་རང་མི་སྤུན་ཟླ་བཅས་ཀྱིས་དུས་གཏན་དུ་མེས་རྒྱལ་དང་སྐྱིད་སྡུག་མཉམ་མྱོང་དང་ལས་དབང་གཅིག་འབྲེལ་གྱིས་ཐུན་མོང་ཁྱད་སྟོབས་འདོན་སྤེལ་བྱས་ཏེ་བྱས་རྗེས་ལེགས་པོ་བཞག་པ་དེས་རྒྱལ་གཅེས་ཡུལ་གཅེས་ཀྱི་བརྩེ་བ་ཟབ་མོ་མཚོན་པ་དང་། རང་བརྩོན་ལྷོད་མེད་ཀྱི་འབད་འཐབ་སྙིང་སྟོབས་མཚོན་ལ། སྒོ་འབྱེད་ཡིད་ཆེས་ཀྱི་རྒྱལ་སྤྱིའི་སྣང་བརྙན་མཚོན་ཟེར།
        ཀྲའོ་ལི་ཅི་ཡིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཕྱིར་སྡོད་རང་མིའི་བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་གྱིས་དུས་རབས་གསར་པའི་ཏང་གི་ཕྱིར་སྡོད་རང་མིའི་བྱ་བར་གཞི་རྩའི་བསྲུང་བྱ་འདོན་སྤྲོད་བྱས་ཡོད། ཏང་གི་ཚོགས་ཆེན་བཅུ་དགུ་པས་བཏོན་པའི་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པའི་རྒྱལ་ཁའི་ཕུ་ཐག་གཅོད་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་པའི་རླབས་ཆེན་དཔེ་རིས་མངོན་འགྱུར་བྱེད་པ་ནི། ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱི་ཐུན་མོང་གི་དམིགས་འབེན་ཡིན་ལ། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་བུ་མོ་ཡོངས་ཀྱི་ཐུན་མོང་གི་འགན་འཁྲི་ཡང་ཡིན་པས། རྒྱ་ཆེའི་ཕྱིར་ལོག་ཕྱིར་སྡོད་རང་མི་དང་ཕྱིར་སྡོད་རང་མིའི་ཁྱིམ་མི། ཕྱི་རྒྱལ་དུ་སྡོད་པའི་རང་མི་སྤུན་ཟླ་བཅས་ཀྱིས་ཏང་དང་མི་དམངས་ཀྱི་མངགས་བཅོལ་ཡིད་ལ་བརྟན་པོར་བཅངས་ནས། ཀྲུང་གོའི་གཏམ་རྒྱུད་སྒྲོག་སྤེལ་བཟང་པོ་བྱེད་པ་དང་། མེས་རྒྱལ་གྱི་འཕེལ་རྒྱས་ལ་རམ་འདེགས་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་བདེན་དོན་ཆེན་པོར་སྲུང་སྐྱོབ་བྱེད་པ། ཀྲུང་ཧྭའི་རིག་གནས་དར་སྤེལ་བྱེད་པ་བཅས་བྱས་ནས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ་དང་། མིའི་རིགས་ཀྱི་ལས་སྐལ་གཅིག་འབྲེལ་གྱི་ཐུན་མོང་ཚོགས་པ་འཛུགས་པར་བྱས་རྗེས་གསར་པ་འཇོག་དགོས་ཟེར།  །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1