བོད་ལྗོངས་གཞིས་རྩེའི་སོར་རྩེའི་འགྱུར་ཁུག་ཅེས་པའི་ཡིག་གཟུགས་དང་པར་རིས་བརྩམས་ཆོས་འགྲེམས་སྟོན་སྐབས་གཉིས་པ་གཉེར་བ།

རྩོམ་སྒྲིག་པ།ཡོང་ཁུངས། མི་དམངས་དྲ་བ། སྤེལ་དུས། 08-31


          ཟླ་8ཚེས་26ཉིན། ཕྱོགས་ཡོངས་ནས་ཇོ་མོ་གླང་མའི་རིག་གནས་འཛུགས་སྐྱོང་འཐབ་ཇུས་ལག་བསྟར་དོན་འཁྱོལ་དང་། བསྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་ངོ་40འཁོར་ཚུན་གཞིས་རྩེ་གྲོང་ཁྱེར་གྱི་བྱ་གཞག་ཁག་ལ་གནམ་ས་བླ་འོག་གི་འཕོ་འགྱུར་བྱུང་བ། དེ་བཞིན་རྒྱ་ཆེའི་རིག་རྩལ་ལས་དོན་པ་དང་རིག་རྩལ་ལ་དགའ་ཞེན་ཡོད་མཁན་ཚོའི་གསར་རྩོམ་གྱི་སྒུལ་ཤུགས་ཆེ་རུ་གཏོང་ཆེད། ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཅུ་དྲུག་པའི་སྒྲིག་འཛུགས་ཨུ་ལྷན་དང་གྲོང་ཨུད་དྲིལ་བསྒྲགས་པུའུ་ཡིས་གཙོ་གཉེར་བྱས་པ་དང་། གཞིས་རྩེ་གྲོང་ཁྱེར་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཉེར་འགན་འཁུར་བའི་སོར་རྩེའི་འགྱུར་ཁུག་ཅེས་པའི་ཡིག་གཟུགས་དང་པར་རིས་བརྩམས་ཆོས་ཀྱི་འགྲེམས་སྟོན་སྐབས་གཉིས་པ་གཞིས་རྩེ་གྲོང་ཁྱེར་མང་ཚོགས་སྒྱུ་རྩལ་ཁང་དུ་དངོས་སུ་གཉེར་ཡོད།
          ད་ཐེངས་ཀྱི་འགྲེམས་སྟོན་ལ་ཁྱོན་བསྡོམས་བརྩམས་ཆོས་500ལྷག་ཙམ་བསྡུས་ཡོད་ཅིང་། དེའི་ནང་ནས་རྩེར་སོན་བརྩམས་ཆོས་200བདམས་ནས་འགྲེམས་སྟོན་བྱས་ཡོད་པའི་ནང་བོད་རྒྱའི་ཡིག་གཟུགས་བརྩམས་ཆོས་120དང་རི་མོའི་བརྩམས་ཆོས་35 པར་རིས་བརྩམས་ཆོས་45བཅས་ཡོད། བརྩམས་ཆོས་རྣམས་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་ནས་ཡིག་གཟུགས་དང་། རི་མོ། པར་རིས་བཅས་ཀྱི་སྒྱུ་རྩལ་གྱི་ཡིད་དབང་འཕྲོག་ཤུགས་མངོན་པར་བྱས་པ་དང་། བརྩམས་ཆོས་དེ་དག་གི་བརྗོད་གཞི་ཕུན་སུམ་ཚོགས་ལ། ཁྱད་ཆོས་མི་འདྲ་བ། གསར་རྩོམ་གྱི་སྤུས་ཀ་ལེགས་པ། ནང་དོན་གཏིང་ཟབ་པ། སྒྱུ་རྩལ་བཅས་ཀྱི་ཐོག་ནས་ཞི་མཐུན་གྱི་སྤྱི་ཚོགས་འཕེལ་རྒྱས་དང་། གཞིས་རྩེ་གྲོང་ཁྱེར་གྱི་རིག་གནས་དར་རྒྱས་གོང་འཕེལ་ལ་བསྟོད་གླུ་ཕུལ་ཡོད།

        ཤེས་རྟོགས་བྱས་པར་གཞིགས་ན། ད་ཐེངས་ཀྱི་སོར་རྩེའི་འགྱུར་ཁུག་ཅེས་པའི་ཡིག་གཟུགས་དང་པར་རིས་བརྩམས་ཆོས་འགྲེམས་སྟོན་ཟླ་8ཚེས་26ཉིན་ནས་ཟླ་9་ཚེས་1ཉིན་བར་གཞིས་རྩེ་གྲོང་ཁྱེར་མང་ཚོགས་སྒྱུ་རྩལ་ཁང་དུ་གཉེར་རྒྱུ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1