ཞི་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སི་ལ་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ། སྤེལ་དུས། 09-03


        ཟླ་དགུ་པའི་ཚེས་གཉིས་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སི་ལ་མཇལ་འཕྲད་གནང་།

        ཞི་ཅིན་ཕིང་གིས་ཀྲུང་གོས་དུས་དང་རྣམ་པ་ཀུན་ཏུ་ཕྱོགས་མང་རིང་ལུགས་ལ་རྦད་ཆོད་སྒོས་རྒྱབ་སྐྱོར་བྱེད་པ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་ཟིལ་དང་ནུས་པར་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་བྱེད་པ་ཡིན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འདྲ་མཉམ་དྲང་བཞག་རྒྱུན་འཁྱོངས་བྱས་ཏེ། འཛམ་གླིང་གི་ཞི་བདེར་སྲུང་སྐྱོབ་དང་མཉམ་དུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ། ལྷག་པར་དུ་འཛམ་གླིང་ཡོངས་ཀྱི་མཉམ་ལས་ཟབ་སྤེལ་བྱས་ཏེ་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ལ་ཁ་གཏད་འཇལ་བའི་ཕྱོགས་སུ་སྣེ་ཁྲིད་ཀྱི་ནུས་པ་འདོན་པར་ང་ཚོས་རེ་སྒུག་བྱས་ཡོད། ང་ཚོས་དོན་དངོས་ཀྱི་བྱ་སྤྱོད་ལ་བརྟེན་ནས་ཕྱོགས་སོ་སོར་སྣེ་ཁྲིད་བྱེད་པ་དང་ཉོ་ཚོང་བརྗེ་རེས་རང་མོས་ཅན་དང་སྟབས་བདེ་ཅན་མཉམ་དུ་རྒྱུན་འཁྱོངས་བྱས་ནས། སྒོ་འབྱེད་རང་བཞིན་གྱི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་བྱེད་འདོད་ཡོད་ཅེས་བསྟན། 
        ཀུའུ་ཐི་ལེ་སི་ཡིས་ང་རང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིན་མཐོ་རིམ་གྲོས་ཚོགས་ལ་གདན་འདྲེན་ཞུས་པར་ཧ་ཅང་དགའ་སྤྲོ་སྐྱེས་པ་ཡིན། ཨ་ཧྥེ་རི་ཁའི་ལས་དོན་ནི་ནམ་ཡང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱ་བའི་ནང་དོན་གཙོ་བོ་ཡིན། ཀྲུང་གོས་དུས་དང་རྣམ་པ་ཀུན་ཏུ་ཨ་ཧྥེ་རི་ཁར་སེམས་ཁུར་དང་མཐོང་ཆེན་བྱས་པར་བཀའ་དྲིན་ཆེ་ཞུས་པ་ཡིན། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་དེ་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་ལས་ཀྱི་དཔེ་སྟོན་དུ་གྱུར་ཡོད་པ་དང་། འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ཐད་ལ་བྱས་རྗེས་གལ་ཆེན་འཇོག་ངེས་ཡིན་པར་མ་ཟད་འཛམ་གླིང་རང་བཞིན་གྱི་དཔེ་སྟོན་དོན་སྙིང་གལ་ཆེན་ལྡན་ཞེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1