ཞི་ཅིན་ཕིང་གིས་པོ་ཁི་ན་ཧྥ་སོ་རྒྱལ་ཁབ་ཀྱི་ཙུང་ཐུང་དང་གྲོས་མོལ་མཛད།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 09-03



རྒྱལ་ཁབ་ཀྱི་ཀྲུའུ་་ཞི་ཞི་ཅིན་ཕིང་གིས་ཟླ་བརྒྱད་པའི་ཚེས་སོ་གཅིག་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་པོ་ཁི་ན་ཧྥ་སོ་རྒྱལ་ཁབ་ཀྱི་ཙུང་ཐུང་ཁ་པོ་ལེ་དང་གྲོས་མོལ་མཛད།
           ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་་ཞི་ཞི་ཅིན་ཕིང་གིས་ཟླ་བརྒྱད་པའི་ཚེས་སོ་གཅིག་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་པོ་ཁི་ན་ཧྥ་སོ་རྒྱལ་ཁབ་ཀྱི་ཙུང་ཐུང་ཁ་པོ་ལེ་དང་གྲོས་མོལ་མཛད།
           ཞི་ཅིན་ཕིང་གིས་བསྟན་དོན། སྐུ་ཞབས་ཙུང་ཐུང་ཀྲུང་གོར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིན་མཐོ་རིམ་གྲོས་ཚོགས་ལ་ཞུགས་པར་ཡོང་བ་དང་ཀྲུང་གོར་འཚམས་འདྲི་བྱེད་པར་ཡོང་བར་དགའ་བསུ་ཞུས། པོ་ཁི་ན་ཧྥ་སོ་ནི་ཐོག་དང་པོར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཛའ་མཐུན་མཉམ་ལས་ཀྱི་ཁྱིམ་གཞི་ཆེན་མོའི་འདུ་ཚོགས་ལ་ཞུགས་པ་འདི་ཀྲུང་གོ་དང་པོ་ཁུ་ན་ཧྥ་སོ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བ་གོང་འཕེལ་དུ་གཏོང་བར་ཧ་ཅང་གལ་ཆེ། ཀྲུང་གོས་སྐུ་ཞབས་ཙུང་ཐུང་གི་ཀྲུང་གོའི་བར་གྱི་འབྲེལ་བ་སླར་གསོ་བྱེད་པའི་སྐོར་གྱི་ཆབ་སྲིད་ཇུས་ཆོད་ལ་གཟེངས་བསྟོད་ཆེན་པོ་བྱེད་བཞིན་ཡོད། ཀྲུང་གོ་དང་པོ་ཁུ་ན་ཧྥ་སོ་བར་གྱི་འབྲེལ་བ་སླར་གསོ་བྱས་ཏེ་ཟླ་གསུམ་འགོར་བའི་རིང་ལ། ཕྱོགས་གཉིས་ཀྱི་འབྲེལ་བའི་གོང་འཕེལ་ལ་དགའ་འོས་པའི་གྲུབ་འབྲས་ཐོབ་ཡོད་པ་དང་འགོ་བརྩམས་པ་ཧ་ཅང་བཟང་། ཀྲུང་གོས་འཐབ་ཇུས་ཀྱི་མཐོ་ཚད་དང་ཡུན་རིང་གི་ངོས་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་འཆར་འགོད་དང་གོང་སྤེལ་བྱེད་བཞིན་ཡོད་ལ། པོ་ཁུ་ན་ཧྥ་སོ་དང་མཉམ་དུ། ཆབ་སྲིད་ཀྱི་ཡིད་ཆེས་ཇེ་དྲག་ཏུ་གཏོང་བ་དང་། བརྗེ་རེས་སློབ་སྦྱོང་སྤེལ་ནས། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ཕྱོགས་ཡོངས་དང་གོ་རིམ་ལྡན་པའི་ངང་སྤེལ་བ་དང་། དུས་རབས་གསར་པའི་འདྲ་མཉམ་ཡིད་ཆེས་དང་མཉམ་ལས་མཉམ་རྒྱལ་གྱི་ཀྲུང་གོ་དང་པོ་ཁུ་ན་ཧྥ་སོའི་མཛའ་མཐུན་མཉམ་ལས་ཀྱི་ལོ་རྒྱུས་གསར་པ་བརྩམས་ཏེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཟེར།
           གྲོས་མོལ་གྱི་རྗེས་སུ། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ད་དུང་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆ་བཀོད་པར་བདེན་དཔང་བྱས།
           གྲོས་མོལ་གྱི་སྔོན་ལ། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མ་ནས་ཁ་པོ་ལེ་ལ་དགའ་བསུའི་མཛད་སྒོ་བསྡུས། ཕིན་ལིས་ཡོན་དང་ཏེན་ཞུའེ་ཞང་། དབྱང་ཅེ་ཁྲི། པད་མ་འཕྲིན་ལས། ཝང་དབྱི། ཧི་ལིས་ཧྥེང་། ལུའི་ཞིན་ཁྲིན་སོགས་མཛད་སྒོར་ཞུགས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1