གླིང་དཀར་སྡེ་བ་ནས་ཁྲིམས་ལུགས་ལ་སྐུལ་བའི་སློབ་གསོའི་བྱ་འགུལ་སྤེལ།

རྩོམ་སྒྲིག་པ།ཡོང་ཁུངས།རྔ་བ་བརྙན་འཕྲིན་ཁང་། སྤེལ་དུས། 09-05



     གོ་ཐོས་ལྟར་ན་སྒྲོག་འགྲེལ་བ་རྣམས་ཞོགས་པ་སྔ་མོ་ནས་ས་གནས་མང་ཚོགས་ཀྱི་སྡེ་བའི་ཨུ་ཡོན་ལྷན་ཁང་དུ་བསྐྱོད་ནས། ཏང་གི་སྲིད་ཇུས་བཟང་བོ་སྒྲོག་འགྲེལ་གནང་།བྱ་འགུལ་གྱི་ཡུལ་དངོས་སུ་མཛོད་དགེ་རྫོང་སྲིད་ཁྲིམས་ཨུ་དང་རྫོང་ཏང་གི་སློབ་གྲྭ། ཁྲིམས་འཛིན་ཁང་གི་སྒྲོག་འགྲེལ་མི་སྣ་སོགས་བསྐྱོད་ནས་རྒྱ་བོད་སྐད་གཉིས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སི་ཁྲོན་དུ་ཕེབས་སྐབས་གནང་བའི་གལ་ཆེའི་གཏམ་བཤད་ཀྱི་དགོངས་དོན་སོགས་མང་ཚོགས་ལ་གོ་སླ་བའི་སྒོ་ནས་སྒྲོག་འགྲེལ་གནང་།
     ཐེངས་འདིའི་སློབ་གསོའི་བྱ་འགུལ་ཁྲོད། སྡེ་དམངས་ཡོངས་གཅིག་འདུས་བྱས་ཐོག་མང་ཚོགས་ལ་སྐུལ་མའི་ཚུལ་གྱི་སློབ་གསོ་བཏང་ནས། གོམ་ཁ་རྗེས་མའི་གནད་འཁེལ་དབུལ་སྐྱོར་ལས་དོན་ལ་ནུས་ཤུགས་འདོན་དགོས་པ་དང་། གནོད་ཐེབས་བྱུང་རྗེས་ཀྱི་བསྐྱར་འཛུགས་ལས་དོན་ངོས་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་མང་ཚོགས་ལ་ས་གནས་མང་ཚོགས་ཀྱིས་གདེང་འཇོག་ཆེན་པོ་ཐོབ་ཡོད།
     རྒྱུས་ལོན་པ་ལྟར་ན། ད་ཐེངས་གླིང་དཀར་སྡེ་བའི་ཁྲིམས་ལུགས་བརྩི་སྲུང་བྱས་ཏེ་མཐུན་སྒྲིལ་དང་འཆམ་མཐུན་ལ་སྐུལ་བའི་སློབ་གསོའི་དྲིལ་བསྒྲགས་བྱ་འགུལ་འདི། དུས་རིམ་གསུམ་ལ་བགོས་ནས་ཡང་དང་བསྐྱར་དུ་གླིང་དཀར་སྡེ་བ་ནས་ཁྲིམས་ལུགས་བརྩི་སྲུང་གི་སློབ་གསོའི་དྲིལ་བསྒྲགས་བྱ་འགུལ་སྤེལ་ནས། ས་གནས་མང་ཚོགས་ཀྱི་བསམ་བློའི་འདུ་ཤེས་མཐོར་འདེགས་གཏོང་བ་དང་ཆབས་ཅིག གནད་འཁེལ་དབུལ་སྐྱོར་དང་གནོད་ཐེབས་བསྐྱར་འཛུགས་སོགས་ཀྱི་སྣང་བརྙན་གསར་བ་བསྐྲུན་པར་འབད་རྒྱུ་རེད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1