པར་ཙིར་རྒྱལ་ཁབ་དངོས་མང་བཤམས་སྟོན་ཁང་མེ་ཤོར་བ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 09-05


      ཟླ་9ཚེས་3ཉིན། ལི་གཡོད་རེ་ནེ་ལུའུ་ཡི་བྱང་ཁུལ་དུ་གནས་ཤིང་། དངོས་རྫས་ཁྲི་2000ལྷག་ཉར་ཚགས་བྱས་ཡོད་པའི་པ་ཞི་རྒྱལ་ཁབ་དངོས་མང་བཤམས་སྟོན་ཁང་ལ་ས་གནས་དེ་གའི་ཟླ་9ཚེས་2ཉིན་གྱི་དགོང་མོར་མེ་སྐྱོན་ཤོར་འདུག  བཤམས་སྟོན་ཁང་འདི་གས་ད་ལོའི་ཟླ་6པར་བཤམས་སྟོན་ཁང་དབུ་བརྙེས་ནས་ལོ་ངོ་200འཁོར་བའི་རྟེན་འབྲེལ་མཛད་སྒོ་སྤེལ་མ་ཐག་ཡིན་ཞིང་། འདི་ནི་པ་ཞི་རྒྱལ་ཁབ་ཀྱི་ལོ་རྒྱུས་ཡུན་རིང་ཤོས་ཀྱི་དངོས་མང་བཤམས་སྟོན་ཁང་དེ་རེད་ལ། ལ་ཏིང་མེ་གླིང་གི་རང་བྱུང་ལོ་རྒྱུས་ཀྱི་དངོས་མང་བཤམས་སྟོན་ཁང་ཆེ་ཤོས་གྲས་ཀྱི་གཅིག་ཀྱང་རེད། 
     མེ་སྐྱོན་ནི་ས་གནས་དེ་གའི་ཆུ་ཚོད་19དང་སྐར་མ་30ཡས་མས་སུ་ཤོར་བ་དང་། མེ་ཤོར་དུས་བཤམས་སྟོན་ཁང་གི་སྒོ་བརྒྱབ་ཟིན་པ་དང་། སྤྱི་ལེ་ཁ་ཤས་མཚམས་ནས་རབ་ཏུ་མཆེད་པའི་མེ་ལྕེ་མཐོང་གི་འདུག  མེ་གསོད་སྡེ་ཁག་གི་གཏམ་བཤད་པ་ལའོ་པའོ་ཐའོ་ལའོ་པ་ཏི་ཡིས། མེ་གསོད་རུ་མི་80མེ་གསོད་ལས་ཀར་ཞུགས་ཤིང་། ནམ་གུང་མཚམས་ལ་མེ་སོད་ཡོད་པ་དང་། དོན་དག་གི་འབྱུང་རྐྱེན་ཞིབ་བཤེར་བྱེད་བཞིན་ཡོད་པར་བཤད། 
     གནས་ཚུལ་སྤེལ་ཡོད་པར་གཞིགས་ན། མེ་སྐྱོན་ནང་མི་ཤི་རྨས་མ་བྱུང་རུང་།  བཤམས་སྟོན་ཁང་དུ་ཉར་བའི་དངོས་རྫས་མང་ཤོས་མེས་འཚིག་པས་གྱོང་གུད་ཧ་ཅང་ཚབས་ཆེན་བཟོས་ཡོད། པ་ཞིའི་སྲིད་འཛིན་ཐེ་མེར་གྱིས་སྤྱི་ཚོགས་སྨྱན་སྦྱོར་ཐོག"ལོ་ངོ་200ཡི་ལས་ཀ་དང་ཞིབ་འཇུག  ཤེས་བྱ་དག་སྐད་ཅིག་ཉིད་ལ་རྡུལ་དུ་བརླགས་སོང"བ་ནི། "པ་ཞི་བ་ཡོངས་ཀྱི་ངོས་ནས་མཚོན་ན་སྐྱོ་གདུང་གིས་ཁེངས་པའི་ཉིན་མོ་ཞིག་ཡིན"ཞེས་སྤེལ་ཡོད། 
     པ་ཞི་རྒྱལ་ཁབ་དངོས་མང་བཤམས་སྟོན་ཁང་ནི་ཕོར་ཐིའུ་ཀལ་གྱི་རྒྱལ་པོ་ནོ་ཨང་སྐུ་ཕྲེང་དྲུག་པས་1818ལོར"གོང་མ་ཚང་གི་དངོས་མང་བཤམས་མཛོད་ཁང"གི་མིང་ཐོག་ནས་བསྐྲུན་པ་དང་། མིག་སྔར་ལི་གཡོད་མཉམ་འབྲེལ་སློབ་ཆེན་གྱི་དོ་དམ་བྱེད་བཞིན་ཡོད་ཅིང་། བཤམས་སྟོན་ཁང་ནང་1500ལོར་ཕོར་ཐིའུ་ཀལ་བ་རྣམས་ཀྱིས་པ་ཞི་ཐོག་མར་རྙེད་པ་ནས་སྤྱི་མཐུན་རྒྱལ་ཁབ་བཙུགས་པའི་བར་གྱི་ལོ་རྒྱུས་འགྲེམས་སྟོན་བྱས་ཡོད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1