གཙོ་ངོས།>> འཕྲོད་བསྟེན།>>བདེ་ཐང་ཤེས་བྱ།

རྩོམ་སྒྲིག་པ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༡༨ལོའི་ཟླ་བ་༠༩ཚེས་༠༧ཉིན།

༄༅།། ཙོའུ་དམར་ཟོས་ན་འབྲས་སྐྲན་རིགས་གསུམ་སྔོན་འགོག་བྱེད་ཐུབ།

        ཀྲུང་གོ་པ་དག་བཟའ་རྒྱུར་དགའ་བའི་ཙོའུ་དམར་ནི་འབྲས་སྐྲན་འགོག་པའི་སྨན་རྫས་མཆོག་ཏུ་གྱུར་པ་ཞིག་ཡིན།ཉེ་ཆར།དབྱིན་ཇིའི་གོང་མ་ཚང་གི་རྫས་འགྱུར་སློབ་གླིང་རིག་གཞུང་ལྷན་ཚོགས་ཀྱིས་ཤེས་པ་ལྟར་ན།ཙོའུ་དམར་ཁྲོད་ཀྱི་རྫས་འགྱུར་དངོས་པོ་ཁ་ཤས་ལ་གློ་བའི་འབྲས་སྐྲན་དང་ནུ་མའི་འབྲས་སྐྲན།གཤེར་རྨེན་འབྲས་སྐྲན་བཅས་ཀྱི་འབྲས་སྐྲན་ཕྲ་ཕུང་གསོད་པའི་ནུས་པ་ལྡན་པས།འབྲས་སྐྲན་གྱི་གྲུབ་ཚུལ་ལ་གཏོར་བརླག་ཐེབས་པ་རེད།
        ཞིབ་འཇུག་ཚོགས་པས་མིའི་རིགས་ཀྱི་གློ་བའི་འབྲས་སྐྲན་དང་ནུ་མའི་འབྲས་སྐྲན།གཤེར་རྨེན་འབྲས་སྐྲན་སོགས་ཀྱི་འབྲས་སྐྲན་ཕྲ་ཕུང་དེ་ཙོའུ་དམར་ཁྲོད་ནས་བླངས་པའི་འདྲེས་འགྱུར་རྫས8ཀྱི་ནང་དུ་བཞག་པ་ན།དེའི་ནང་གི་འདྲེས་འགྱུར་རྫས4ཡིས་འབྲས་སྐྲན་ཕྲ་ཕུང་གི་གསོན་ཚད་ཇེ་དམའ་རུ་གཏོང་ཐུབ་པ་དང་།འདྲེས་འགྱུར་རྫས3གྱིས་འབྲས་སྐྲན་ཕྲ་ཕུང་ལ་འགྱུར་ལྡོག་བཟོས་ཏེ།འབྲས་སྐྲན་ཕྲ་ཕུང་གི་གྲུབ་ཚུལ་ལ་གཏོར་བརླག་གཏོང་བཞིན་ཡོད།
        འཚོ་བཅུད་རིག་པར་དབྱེ་ཞིབ་བྱས་པ་ལས་མངོན་པ་ལྟར་ན།ཙོའུ་དམར་ནང་དུ་འཚོ་བཅུདCའདུས་པར་མ་ཟད།འདུས་ཚད་མཐོ་བའི་དབྱང་འགྱུར་འགོག་རྫས་འཚོ་བཅུདEའདུས་ཤིང་།ཙོའུ་དམར་རེའི་ཆ་སྙོམས་ཀྱི་ཚ་ཚད་སྟོང་ཁཱ8ཡིན་ལ།ད་རུང་ཨན་གཞི་སྐྱུར་རིགས24ཡོད་པ་ལས་དེའི་ནང་དུ18འདུས་པས།ལུས་སྟེང་གི་སྤྲི་དཀར་ཆགས་པ་དང་ཉམས་གསོ་བྱེད་པར་ཕན་པ་ཆེན་པོ་ཡོད།ཀྲུང་གོར“ཉིན་རེར་ཙོའུ་དམར་གསུམ་རེ་ཟོས་ན།ལོ་བརྒྱར་བུད་ཅིང་རྒས་མི་འགྲོ།”ཞེས་པའི་ཁ་དཔེ་ཞིག་ཡོད་པ་ལྟར།ཙོའུ་དམར་བྲོ་བ་ཞིམ་པར་མ་ཟད།བདེ་ཐང་ལའང་ཕན་པ་ཆེན་པོ་ཡོད་མོད།འོན་ཀྱང་ཚོད་ལྟ་འདིས་འབྲས་སྐྲན་ཕྲ་ཕུང་དེ་ཙོའུ་དམར་ཁྲོད་ནས་བླངས་པའི་འདྲེས་འགྱུར་རྫས་ཀྱི་ནང་དུ་བཞག་པ་ཡིན་པས།ཙོའུ་དམར་ཐད་ཀར་ཟོས་ན་འབྲས་སྐྲན་སྔོན་འགོག་དང་ཡང་ན་གསོ་བཅོས་བྱེད་པར་ཕན་མིན་གསལ་པོ་མི་ཤེས།དེ་ལ་མུ་མཐུད་དུ་ཞིབ་འཇུག་དང་རྟོག་ཞིབ་བྱེད་དགོས་པ་རེད། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1