དུས་རབས་གསར་པར་སི་ཁྲོན་བཅོས་སྐྱོང་དང་དར་སྤེལ་དུ་གཏོང་བའི་སྒོ་འབྱེད་རྣམ་པ།

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 09-10


—— ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་“སི་ཁྲོན་ལེའུ”ཡི་ཕུན་སུམ་ཚོགས་པའི་ནང་དོན་ལ་སྦྱོང་རྟོགས་བྱེད་པའི་དཔྱད་བརྗོད་ལྔ་པ། 

སི་ཁྲོན་ཉིན་རེའི་ཚགས་པར་ཁང་གི་དཔྱད་བརྗོད་པས།

 

སྒོ་འབྱེད་ན་ཡར་རྒྱས་ཡོང་ཐུབ་ལ་སྒོ་བརྒྱབ་ན་རྗེས་སུ་ལུས་ཐེབས་སྲིད།“ཧུར་བརྩོན་ངང་ནུབ་རྒྱུད་ས་ཁུལ་དུ་ཁྱོན་ཡོངས་ནས་གསར་སྤེལ་དང་སྒོ་འབྱེད་ཀྱི་མདུན་གྲས་སུ་འགྲོ་བ་”ནས་“ལངས་གཟུགས་ལྡན་པ་དང་ཕྱོགས་ཡོངས་ཀྱི་སྒོ་འབྱེད་གནས་སྟངས་བསྐྲུན་པ། ནང་ལོགས་ཀྱི་སྒོ་འབྱེད་དཔལ་འབྱོར་ཀྱི་གནས་བབ་འཛུགས་སྐྲུན་”བྱེད་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ཞིང་ཆེན་ལ་གནང་བའི་ངག་བཅོལ་དང་ཐུགས་རེ་ཆེན་པོས་སི་ཁྲོན་ཞིང་ཆེན་གྱིས་རྒྱལ་ཁབ་སྒོ་འབྱེད་ཀྱི་ཐབས་ཇུས་ལ་ཞབས་འདེགས་ཞུ་བའི་ཁ་ཕྱོགས་དང་ངེས་གནས་གཏན་འཁེལ་གསལ་པོ་བྱས་ཡོད་ལ། གནས་བབ་གསར་པའི་འོག་སི་ཁྲོན་ཞིང་ཆེན་འཕེལ་རྒྱས་སུ་གཏོང་བའི་བར་སྟོང་གསར་པའི་གནས་སྟངས་དང་མཐོང་རྒྱ་གསར་སྤེལ་རྒྱ་བསྐྱེད། ང་ཚོས་ནན་ཏན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དགོངས་པ་ལག་བསྟར་དོན་འཁྱོལ་བྱ་དགོས་པ་དང་ཕྱོགས་ཡོངས་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བར་བྱ་དགོས། གོམ་གང་མདུན་སྤོས་ཀྱིས་བསམ་བློ་བཅིངས་འགྲོལ་དང་ཕྱོགས་ཡོངས་ནས་སྒོ་འབྱེད་རྒྱ་ཆེར་གཏོང་བ། དེ་བཞིན་མུ་མཐུད་དུ་འཕེལ་རྒྱས་ཀྱི་གནས་སྟངས་གསར་པ་གཏོད་དགོས། 

གནས་སྟངས་ཀྱིས་གནས་བབ་གཏན་ཁེལ་བྱེད་ལ། འདུ་ཤེས་ཀྱིས་གནས་བབ་ལ་ཤུགས་རྐྱེན་ཐེབས་ཐུབ། འཛམ་གླིང་གི་ཁྱབ་ཁོངས་ནས་བལྟས་ན། ཞི་བདེ་མཉམ་འབྲེལ་དང་སྒོ་འབྱེད་མཐུན་སྦྱོར། བཅོས་སྒྱུར་གསར་གཏོད་བཅས་ཀྱི་རླབས་རྒྱུན་མདུན་དུ་ཕྱོགས་ཤིང་། འཛམ་གླིང་སྔ་མོ་ནས་ཕར་འབྲེལ་ཚུར་འབྲེལ་གྱི་སའི་གོ་ལའི་གྲོང་ཚོ་ཞིག་ཏུ་གྱུར་ཟིན། རྒྱལ་ཁབ་སོ་སོ་དང་ས་ཁུལ་སོ་སོའི་བར་ཕན་ཚུན་འབྲེལ་བ་གཏིང་ཟབ་ཆགས་རྒྱུ་དང་མགྱོགས་མྱུར་ངང་མཉམ་འདྲེས་བྱས་ཏེ་འཕེལ་རྒྱས་ཡོང་བ་བྱ་རྒྱུ་ནི་དགོས་ངེས་ཀྱི་གདམ་གསེས་ཡིན་པ་རེད། རྒྱལ་ཡོངས་ཀྱི་གནས་བབ་ངོས་ནས་བལྟས་ན།“ཀྲུང་གོའི་སྒོ་འབྱེད་ཀྱི་སྒོ་མོ་ནམ་ཡང་རྒྱག་མི་སྲིད་ལ། སྔར་ལས་ཇེ་ཆེར་ཕྱེ་རྒྱུ་ཡིན།”མིག་སྔར།“རྒྱུད་གཅིག་ལམ་གཅིག་”
གི་འཛུགས་སྐྲུན་དང་འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་འཕེལ་རྒྱས། དུས་འཁོར་གསར་པའི་ནུབ་ཕྱོགས་འཕེལ་རྒྱས་སོགས་རྒྱལ་ཁབ་གྱི་ཐབས་ཇུས་ལ་སྐུལ་འདེད་ཟབ་མོ་གཏོང་བ་དང་འབྲེལ། རྒྱལ་ཡོངས་ཀྱིས་ཕྱི་ཕྱོགས་ལ་སྒོ་འབྱེད་པ་དེ་“ནང་འདྲེན་”ནས་“ནང་འདྲེན་”
དང་། “ཕྱིར་འགྲོ་བ་”མཉམ་འདྲེས་ཡོང་རྒྱུའི་འགྱུར་ལྡོག་བྱུང་བ་དང་ཤར་ཁུལ་མཚོ་རྒྱུད་གྲོང་ཁྱེར་གྱི་སྒོ་འབྱེད་གཙོ་བོར་བྱས་ནས་ཕྱོགས་ཡོངས་ནས་སྒོ་འབྱེད་རྒྱ་ཆེར་གཏོང་བ་དེ་ཡིན།“རྒྱུད་གཅིག་ལམ་གཅིག་”གི་འཛུགས་སྐྲུན་དང་དུས་འཁོར་གསར་པའི་ནུབ་ཁུལ་གྱི་གསར་སྤེལ་སྒོ་འབྱེད་ཀྱི་སི་ཁྲོན་ལྟ་བུའི་ནུབ་ཕྱོགས་ས་ཁུལ་དང་ནང་ལོགས་ས་ཁུལ་དེ་དག་སྒོ་འབྱེད་ཀྱི་མདུན་གྲལ་དུ་བསྐྱོད་པར་སྐུལ་འདེད་གཏང་ངེས། འདི་ནི་སི་ཁྲོན་གྱིས་རྒྱ་ཆེར་སྒོ་འབྱེད་གཏང་རྒྱུར་འཕྲད་པའི་གོ་སྐབས་གལ་ཆེན་ཞིག་ཡིན། གལ་ཏེ་གོ་སྐབས་འདི་དམ་འཛིན་མ་བྱས་ན་ང་ཚོ་དུས་འཁོར་གསར་པའི་གསར་སྤེལ་སྒོ་འབྱེད་ཀྱི་རྦ་རླབས་ནང་རྗེས་སུ་ལུས་སྲིད། དེ་བས། ངེས་པར་དུ་མདུན་དུ་མ་བསྐྱོད་ན་རྗེས་སུ་ལུས་པའི་ཉེན་ཁའི་འདུ་ཤེས་དང་། ཕྱི་བཤོལ་བྱ་མི་རུང་བའི་ཉེན་འཚུབ་ཀྱི་འདུ་ཤེས་གཏིང་ཟབ་ཏུ་གཏང་དགོས། གོམ་གང་མདུན་སྤོས་ཀྱིས་བསམ་བློར་བཅིངས་འགྲོལ་དང་གཤོང་སའི་འདུ་ཤེས་མེད་པར་བཏང་སྟེ་ཕྱོགས་ཡོངས་ཀྱི་འདུ་ཤེས་དང་ཁྱོན་ཡོངས་ཀྱི་མཐོང་རྒྱས་གནས་བབ་གསར་པའི་འོག་གི་སི་ཁྲོན་ཕྱོགས་ཡོངས་ནས་གསར་སྤེལ་སྒོ་འབྱེད་ཡོང་རྒྱུའི་གནས་ཚུལ་ལ་ཞིབ་འཇུག་བྱས་ནས་ནང་ལོགས་ས་ཁུལ་གྱི་སྒོ་འབྱེད་རྒྱ་ཆེར་གཏོང་བའི་ལམ་བུ་གསར་པར་བསྐྱོད་དགོས། 

 གནས་བབ་ཀྱིས་མཐོང་རྒྱ་གཏན་འཁེལ་བྱེད་ལ་མཐོང་རྒྱས་ཁ་ཕྱོགས་ལ་ཁྲིད་སྟོན་བྱེད། མཐོང་རྒྱ་གསར་པའི་ངོས་ནས་གསར་སྤེལ་སྒོ་འབྱེད་ཀྱི་བར་སྟོང་གསར་པ་སྤེལ་དགོས་ལ་དེར་གཙོ་རྒོལ་བྱེད་ས་དང་འགག་སྒོ་ཡང་དག་འཚོལ་དགོས། རང་འགུལ་ངང་“རྒྱུད་གཅིག་ལམ་གཅིག་”གི་འཛུགས་སྐྲུན་དང་འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་འཕེལ་རྒྱས་སོགས་རྒྱལ་ཁབ་གྱི་ཐབས་ཇུས་དང་མཉམ་འདྲེས་ཡོང་བ་བྱ་དགོས་པར་མ་ཟད། ཕྱོགས་བཞིར་རྒྱ་སྐྱེད་དང་ཕྱོགས་ཡོངས་ལ་སྒོ་འབྱེད་ཡོང་བར་སྐུལ་འདེད་དང་། ནང་ལོགས་དང་མཚོ་རྒྱུད་ཆུ་རྒྱུད་སོགས་མཉམ་སྡེབ་ཐོག་སྒོ་འབྱེད་ཡོང་བར་སྐུལ་འདེད་བྱ་དགོས། ཤུགས་ཆེན་པོས་ཕྱོགས་ཡོངས་སྒོ་འབྱེད་ཀྱི་རྣམ་པ་བསྐྲུན་དགོས། དམིགས་གསལ་གྱིས་དོ་སྣང་བྱ་དགོས་པ་ཞིག་ནི། སི་ཁྲོན་ནི་“ལྷོ་ཕྱོགས་ཀྱི་དར་གོས་ཚོང་ལམ་”གྱི་འགོ་ཚུགས་པ་ཡིན་པས་ལྷོ་ཕྱོགས་ལ་སྒོ་འབྱེད་པའི་བར་སྟོང་གི་སྦས་ཤུགས་ཆེན་པོ་ལྡན། ཧུར་བརྩོན་ངང་ཨེ་ཤ་ཡ་ལྷོ་མ་དང་ཨེ་ཤ་ཡ་ཤར་ལྷོའི་ཚོང་ར་ཆེན་པོ་དང་མཐུད་སྦྲེལ་བྱས་ཏེ་ལྷོ་ཕྱོགས་སྒོ་འབྱེད་དེ་གཙོ་གནད་ཅིག་ཏུ་བརྩིས་ནས་ཞིབ་འཇུག་དང་སྐུལ་འདེད་གཏང་དགོས། སི་ཁྲོན་ནི་རང་རྒྱལ་གྱི་དཔལ་འབྱོར་ལྟེ་གནས་གལ་ཆེན་ཞིག་ཡིན་པས། ནན་ཏན་སྒོས་མཐའ་སྐོར་ས་ཁུལ་དང་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་ཤར་ནུབ་ཁུལ་གྱི་དབུས་སྐྱོར་མཉམ་ལས་ཀྱི་གོ་སྐབས་གལ་ཆེན་དེ་དམ་འཛིན་བྱས་ནས་ཧུར་བརྩོན་ངང་ས་ཁུལ་ལས་བརྒལ་བའི་དཔལ་འབྱོར་མཉམ་ལས་ལ་སྐུལ་འདེད་གཏང་དགོས། ཐོན་ལས་གླིང་ཁུལ་དང་གཞན་གཏོགས་ས་ཁུལ། འཇོན་མི་ནང་འདྲེན་སོགས་ལ་བརྟེན་ནས་སྔོན་ཐོན་ས་ཁུལ་གྱི་འདུ་ཤེས་དང་མ་རྩ། ལག་རྩལ། འཇོན་མི་བཅས་དང་། ལྷག་པར་དུ་སྒྲིག་གཞིའི་ནང་རྐྱེན་སོགས་ནང་འདྲེན་བྱས་ནས་སི་ཁྲོན་གྱི་སྒོ་འབྱེད་ལ་རྒྱུན་ཆད་མེད་པར་སྐུལ་ནུས་གསར་པ་འདོན་སྤྲོད་བྱ་དགོས། 

མཐོང་རྒྱ་གསར་པའི་ངོས་ནས་གསར་སྤེལ་སྒོ་འབྱེད་ཀྱི་བར་སྟོང་གསར་པ་སྤེལ་དགོས་ན་སྒོ་འབྱེད་ཀྱི་གར་སྟེགས་ལེགས་བཅོས་དང་གསར་སྤེལ་སྒོ་འབྱེད་ལ་ཕན་པའི་ཁོར་ཡུག་ལེགས་པོ་བསྐྲུན་དགོས། མིག་སྔར། ལྷག་པར་དུ་་ནུབ་རྒྱུད་རྒྱལ་སྤྱིའི་དངོས་མང་འགྲེམ་སྟོན་ཚོགས་འདུ་དང་ཚན་རྩལ་འགྲེམ་སྟོན་ཚོགས་འདུ་སོགས་རྒྱལ་ཁབ་རིམ་པའི་འགྲེམ་སྟོན་གྱི་གོ་སྐབས་དམ་འཛིན་བྱེད་པ་དང་། སྒེར་ཚོང་ཉམས་ལེན་ཁུལ་དང་ཐེན་ཧྥུ་ཁུལ་གསར་གྱི་ཀྲུང་གོ་དང་འཇར་མན། ཀྲུང་གོ་དང་ཧྥ་རན་སི། ཀྲུང་གོ་དང་ལྷོ་ཁོ་རེ་ཡ། ཀྲུང་གོ་དང་དབྱི་ཐ་ལི། ཀྲུང་གོ་དང་ཡོ་རོབ། ཤིན་ཁྲོན་སོགས་རྒྱལ་ཁབ་རིམ་པའི་སྤྱི་གླིང་འཛུགས་སྐྲུན་བྱས་ནས་སྒོ་འབྱེད་ཀྱི་གར་སྟེགས་འདི་དག་གི་ནུས་པ་ཆེས་ཆེར་འདོན་སྤེལ་བྱ་དགོས། ཐེན་ཧྥུ་ཁུལ་གསར་གྱི་འཛུགས་སྐྲུན་དམ་འཛིན་བྱས་ཏེ། ཧུར་བརྩོན་གྱིས་མཐོ་འཕེལ་རིམ་པ་གསར་པ་བཟོ་སྐྲུན་དང་ནང་ལོགས་ཀྱི་སྒོ་འབྱེད་ཀྱི་དཔལ་འབྱོར་གནས་ཡུལ་འཛུགས་སྐྲུན་བྱ་དགོས། ནུས་ཤུགས་ཡོད་རྒུས་འདྲ་མཉམ་ངང་འགྲན་རྩོད་བྱེད་པའི་ཚོང་རའི་ཁོར་ཡུག་དང་དྲང་ལྡན་གྱི་ཁྲིམས་སྐྱོང་ཁོར་ཡུག ལྷོད་ཡངས་གཟིགས་སྐྱོང་གི་སྲིད་ཇུས་ཁོར་ཡུག ཕྱོད་མཐོ་སྤུས་གཙང་གི་སྲིད་དོན་ཁོར་ཡུག་བཅས་བསྐྲུན་པ་དང་། 
མགྱོགས་མྱུར་སྒོས་ནང་མཐུད་ཕྱི་འབྲེལ་དང་ཕྱོགས་བཞིར་མཐུད་སྦྲེལ་གྱི་དེང་རབས་ཅན་གྱི་འགྲིམ་འགྲུལ་དབོར་འདྲེན་མ་ལག་སྒྲིག་འཛུགས་བྱ་དགོས།“ཁོར་ཡུག་མཉེན་པོ་”ཡིས་“སྐྱོར་འདེགས་མཁྲེགས་པོ་”བསྐྲུན་ནས་སི་ཁྲོན་གྱི་སྒོ་འབྱེད་རང་བཞིན་གྱི་དཔལ་འབྱོར་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་སུ་གཏང་དགོས། 

སྒོ་འབྱེད་ནི་བསྒྱུར་བཅོས་ཀྱང་ཡིན། ཕྱོགས་གཅིག་ནས་བསྒྱུར་བཅོས་ཀྱིས་སྒོ་འབྱེད་ལ་ཆ་རྐྱེན་བསྐྲུན་ཐུབ་ལ། ཕྱོགས་གཞན་ཞིག་ནས་སྒོ་འབྱེད་ཀྱིས་བསྒྱུར་བཅོས་ལ་གནོད་པའང་ཐེབས་སྲིད། དེས་ན་ང་ཚོས་ངེས་པར་དུ་སྒོ་འབྱེད་ཀྱི་འདུ་ཤེས་འཛིན་དགོས་པ་དང་། སྒོ་འབྱེད་ཀྱི་གོ་སྐབས་དམ་འཛིན་བྱས་ནས་མཐོང་རྒྱ་ཆེ་རུ་གཏོང་བ་དང་ཧུར་བརྩོན་ངང་སི་ཁྲོན་ཞིང་ཆེན་གྱིས་དུས་འཁོར་གསར་པའི་ནུབ་ཕྱོགས་འཕེལ་རྒྱས་ཁྲོད་འགོ་ཁྲིད་ལྟ་བུའི་ནུས་པ་འདོན་པར་བརྩོན་ནས་སི་ཁྲོན་གྱི་མ་འོངས་པའི་འཕེལ་རྒྱས་ལ་སྔར་ལས་ཆེ་བའི་སྒུལ་ཤུགས་སྣོན་དགོས་སོ།། 

 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1