དབུལ་ཕོངས་སྡེ་བའི་དབུལ་བྲལ་ཕྱུག་འགྱུར་གྱི་སྣེ་ཁྲིད་པ།

རྩོམ་སྒྲིག་པ།ཡོང་ཁུངས།རྔ་བ་རྒྱང་སྒྲོག་བརྙན་འཕྲིན། སྤེལ་དུས། 09-11


         “སྡེ་བ་འཕེལ་རྒྱས་སུ་གཏོང་དགོས་པ་དང་། སྡེ་དམངས་ཕྱུག་འགྱུར་དུ་གཏོང་དགོས་པ། གཙོ་བོ་ཀྲི་པུའུ་ཧྲུའུ་ཅི་ལ་རག་ལས་པ” ཞེས་པ་འདི་ཞིང་སྡེ་གསར་བ་འཛུགས་སྐྲུན་གྱི་དབུལ་བྲལ་བྱ་བའི་ཁྲོད་དུ། ཆུ་ཆེན་རྫོང་རྩེ་མདའ་ཡུལ་ཚོ་ཐན་ཀོན་སྡེ་བའི་ཧྲུའུ་ཅི་དང་པོ་མིན་ཧྭ་ཆང་གིས་ཁྱད་འཕགས་ཀྱི་དགེ་མཚན་གང་མང་འདོན་སྤེལ་བྱས་པ་ཡིན་ལ། ཐན་ཀོན་སྡེ་བ་འཕེལ་རྒྱས་སུ་འགྲོ་བའི་གསོན་ཤུགས་སུ་གྱུར་བ་ཡང་ཡིན། རྒྱ་ཆེའི་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཡོད།    

        ཐན་ཀོན་སྡེ་བ་ནི་ཆུ་ཆེན་རྫོང་རྩེ་མདའ་ཡུལ་ཚོའི་གཞི་ཁྱོན་ཆེས་ཆེ་བའི་སྡེ་བ་ཞིག་ཡིན། སྡེ་བ་འདིའི་སྡེ་དམངས་ཁ་བཀྲམ་ནས་གཞིས་ཆགས་བྱས་ཡོད་པ་དང་། རྫོང་མཁར་དང་བར་ཐག་སྤྱི་ལེ་བརྒྱ་ལྷག་ཡོད། ས་ཐག་རིང་བའི་རྐྱེན་གྱིས་སྨན་བཅོས་དང་སློབ་གསོའི་ཆ་རྐྱེན་རྗེས་ལུས་ཡིན་པས། རིག་གནས་བྱང་ཚད་ཀྱང་ཧ་ཅང་དམས་མོ་ཡིན་པ་རེད། རྔ་བ་ཁུལ་ས་ཁྲལ་ཅུས་ཀྱི་ཧྲུའུ་ཅི་དང་པོ་མིན་ཧྭ་ཆང་གིས་སྡེ་བ་དབུལ་བྲལ་བྱེད་པའི་འོས་འགན་ལྕི་མོ་དང་དུ་བླངས་དེ། སྡེ་བ་དང་ཁྱིམ་ཚང་ལ་ཐེངས་གང་མང་དུ་སོང་ནས། ས་བབ་དང་བསྟུན་ནས་དབུལ་བྲལ་མཁྲེགས་གཏོར་གྱི་བྱེད་ཐབས་བཏོན་པ་མ་ཟད་དབྱེ་ཞིབ་ཟབ་མོ་བྱས་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1