ཐོན་ལས་གྲུབ་ཚུལ་ལེགས་སྒྲིག་བྱས་པས་དཔལ་འབྱོར་ཡོང་འབབ་འཕར།

གསང་བདག་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 09-13


        གསེར་མཚོ་ཡུལ་ཚོ་ནི་ཟུང་ཆུ་རྫོང་གི་བྱང་ཤར་རྒྱུད་དུ་གནས་ཤིང་། རྒྱལ་ཁབ་རིམ་པའི་མཛེས་ལྗོངས་ཁུལ་གསེར་མཚོ་ཡི་ཉེ་འགྲམ་དུ་གནས་པས་ས་བབ་ཀྱི་ལེགས་ཆ་མངོན་གསལ་དོད་པོ་ཡོད།

        སྔོན་མར། གསེར་མཚོ་ཡུལ་ཚོའི་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་ཞན་ཞིང་། གྲོང་མི་ཚོའི་འཕེལ་རྒྱས་ཀྱི་འདུ་ཤེས་ཞན་པ་དང་། ལོ་ཏོག་གཙོ་བོ་སྲོལ་རྒྱུན་གྱི་ནས་དང་རྒྱ་སྲན་སོགས་ཡིན་པས་དཔལ་འབྱོར་གྱི་ཕན་ནུས་ཆེན་པོ་མེད་ལ་ཡོང་འབབ་ཀྱང་འཕར་མ་ཐུབ།
        ཉེ་བའི་ལོ་ཤས་རིང་ལ། ཐོན་ལས་ཀྱི་གྲུབ་ཚུལ་ལེགས་སྒྲིག་བྱས་པ་བརྒྱུད། གསེར་མཚོ་ཡུལ་ཚོ་བཞི་མདོ་གྲོང་ཚོས་མཐོ་སྒང་གི་གནོད་མེད་སྔོ་ཚལ་དང་སྨན་རྫས་སོགས་དཔལ་འབྱོར་གྱི་སྐྱེ་དངོས་འདེབས་འཛུགས་བྱས་ཤིང་། 2018ལོར་གྲོང་ཚོ་ཡོངས་ཀྱིས་ཚོད་དཀར་མུའུ168དང་སྨན་རྫས་མུའུ656འདེབས་འཛུགས་བྱས་ཡོད།
        ད་ལོར། གྲོང་ཚོ་དེས་ཚོད་དཀར་འདེབས་འཛུགས་མཁན་དབྱང་ཀུའེ་ཡོན་གྱིས་ས་ཞིང་བཤུག་སྤྲོད་ཀྱི་བྱེད་ཐབས་བརྒྱུད་ཚོད་དཀར་མུའུ60ལྷག་འདེབས་འཛུགས་བྱས་ཤིང་སྔོན་དཔག་བྱས་ན་ད་ལོར་ཡོང་འབབ་སྒོར་ཁྲི60ལྷག་ཡོད་པ་དང་། ཅང་ཡིའུ་དང་མེན་དབྱང་སོགས་གྲོང་སྡེའི་ཚོང་ར་ཆེ་གྲས་སུ་ཕྱིར་ཚོང་བྱས་ཏེ་ཡོང་འབབ་སྒོར་ཁྲི30ལྷག་ཟིན་ཐུབ་བོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1