ཀུ་ཤུ་ཀུང་སིས་ཐོན་རྫས་གསར་པ་མང་པོ་བཏོན་པ།

རྩོམ་སྒྲིག་པ།ཡོང་ཁུངས། མི་དམངས་དྲ་བ། སྤེལ་དུས། 09-17


         ཟླ་9ཚེས་12ཉིན། ཨ་རིའི་ཅ་ལི་ཧྥུ་ནི་ཡ་ཀྲོའུ་ཡི་ཆི་པོ་ཏི་ནོར་གྲོང་ཁྱེར་དུ་ཚོགས་པའི་ཀུ་ཤུའི་ཐོན་རྫས་གསར་པའི་ཡོངས་བསྒྲགས་ཚོགས་འདུའི་ཐོག ཀུ་ཤུ་ཀུང་སིའི་གོ་ལ་ཧྲིའི་པོའི་ཁྲོམ་རའི་ཚོང་གཉེར་གྱི་མཐོ་རིམ་འགན་འཁུར་བ་གཞོན་པ་ཧྥེ་ལི་ཧྥུ་· ཞི་ལེ་ཡིས་ཀུ་ཤུའི་ཁ་པར་རབ་དང་རིམ་པའི་རིན་གོང་ངོ་སྤྲོད་བྱས་པ་དང་། ཉིན་དེར་ཀུ་ཤུ་ཀུང་སིས་ཅ་ལི་ཧྥུ་ནི་ཡ་ཀྲོའུ་ཡི་ཆི་པོ་ཏི་ནོར་གྲོང་ཁྱེར་དུ་ཐོན་རྫས་གསར་པའི་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་དང་། རིག་ནུས་ཁ་པར་ཁག་གསུམ་དང་རབས་བཞི་པའི་ཀུ་ཤུའི་ཆུ་ཚོད་སོགས་བཏོན་ཡོད། དེའི་ནང་གི་ལག་ཐོགས་ཁ་པར་གྱི་གཱ་གཉིས་བླུགས་པའི་ནུས་པ་དང་ཆུ་ཚོད་ཀྱིས་བདེ་ཐང་བརྟག་དཔྱད་བྱེད་པའི་ཉེར་སྤྱོད་ལག་རྩལ་ལ་དོ་ཁུར་ཆེན་པོ་ཐོབ་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1