ཏ་དབྱི་རྫོང་གིས་ཟུང་ཆུ་རྫོང་ལ་ཁ་གཏད་དབུལ་སྐྱོར་བྱས་པ།

བསོད་ནམས་སྐྱིད། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 09-18


      ཏ་དབྱི་རྫོང་གིས་ཁ་གཏད་དབུལ་སྐྱོར་ཐད་རོགས་སྐྲུན་མ་དངུལ་སྒོར་ཁྲི་1000བཏང་ནས་ཟུང་ཆུ་རྫོང་ཅིན་ཨན་ཡུལ་ཚོའི་ལྟེ་བའི་བྱིས་སྐྱོང་ཁང་འཛུགས་སྐྲུན་བྱས་ཤིང་། ལས་གྲྭ་དེ་2017ལོའི་ཟླ་5པར་ལས་འགོ་ཚུགས་ལ། འཛུགས་སྐྲུན་འཆར་འགོད་ཀྱི་སྤྱིའི་ས་ཁྱོན་སྨི་གྲུ་བཞི་མ་6366.42དང་། ཁང་བ་འཛུགས་སྐྲུན་གྱི་ས་ཁྱོན་སྨི་གྲུ་བཞི་མ་3250ཡིན། དེར་སློབ་ཁྲིད་ཐོག་ཁང་དང་། གཞུང་ལས་ཁང་། སློབ་མའི་ཟ་ཁང་། སྤྱི་པའི་གསང་སྤྱོད་ཁང་དང་དེ་བཞིན་སྒོ་སྲུང་ཁང་སོགས་འདུས་ཡོད།  ཅིན་ཨན་ཡུལ་ཚོ་ལྟེ་བའི་བྱིས་སྐྱོང་ཁང་བསྐྲུན་ཚར་རྗེས།  སྔོན་དཔག་བྱས་ན་འཛིན་གྲྭ་12དང་འཛིན་གྲྭ་རེར་སློབ་མ་30དང་། ཁྱོན་སློབ་མ་360བསྡུ་རྒྱུ་རེད་ལ། རྫོང་གྲོང་ཉེ་འཁོར་དང་དེ་བཞིན་རྫོང་གྲོང་དུ་ཞོར་ལས་བྱེད་བཞིན་པའི་ཕ་མའི་བུ་ཕྲུག་བྱིས་སྐྱོང་ཁང་དུ་ཞུགས་དཀའ་བའི་གནད་དོན་སེལ་བ་དང་། ཅིན་ཨན་སྡེ་ཁུལ་གྱི་སྤྱི་པའི་ཞབས་ཞུའི་ཐེག་ནུས་ཆེ་རུ་གཏོང་རྒྱུ་རེད་དོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1