སྤྱི་ཚོགས་འགན་ལེན་འཐུས་སྒོ་ཚང་དུ་བཏང་ནས་དབུལ་སྐྱོར་གནད་སྨིན་བྱེད་ཤུགས་ཆེ་རུ་བཏང་།

ལྷ་འཛོམས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 09-21


        སྤྱི་ཚོགས་འགན་ལེན་གྱི་དབུལ་སྐྱོར་སྲིད་ཇུས་དོན་འཁྱོལ་དང་སྤྱི་ཚོགས་འགན་ལེན་སྒྲུབ་གཉེར་ཞབས་འདེགས་ཆུ་ཚད་མཐོ་རུ་གཏང་ཆེད། ཉེ་བའི་ལོ་ཤས་རིང་རང་ཁུལ་གྱིས་བྱེད་ཐབས་སྣ་མང་མཉམ་བསྟར་དང་གནད་སྨིན་དབྱེ་འབྱེད་བྱས་ནས་སྤྱི་ཚོགས་འགན་ལེན་དེ་སྐས་རིམ་གསར་པ་ཞིག་གི་ཐོག་སླེབས་པར་སྐུལ་འདེད་བཏང་བ་རེད།
        རང་ཁུལ་གྱིས་སྔ་ཕྱིར《ཏན་ཏིག་གིས་2018ལོའི་སྤྱི་ཚོགས་ཅན་གྱི་འགན་ལེན་དབུལ་སྐྱོར་ལས་ཀའི་སྐོར་གྱི་བརྡ་ཐོ》དང་《སྤྱི་་ཚོགས་འགན་ལེན་དབུལ་སྐྱོར་སྒྲུབ་གཉེར་ལས་ཀ་ཡག་མོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམས་ནས་སྤྱི་ཚོགས་འགན་ལེན་དབུལ་སྐྱོར་ལས་ཀར་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་བཀོལ་སྤྱོད་བྱེད་ཐབས་ཞིབ་ཕྲ་འདོན་སྤྲོད་བྱས་ཡོད།
        རང་ཁུལ་གྱི་ཡིག་ཚགས་བྱང་བུ་གསལ་པོ་བཟོས་མེད་པའི་དབུལ་ཐར་གྱི་དབུལ་ཕོངས་མི་འབོར་དང་དབུལ་ཕོངས་མི་འབོར་དང་མ་མཐའི་འཚོ་རྟེན་འགན་ལེན་བྱ་ཡུལ། ཧ་ཅང་དབུལ་ཕོངས་མི་སྣ་སོགས་ལ་གྲོང་གསེབ་ཡུལ་དམངས་ཀྱི་རྒན་གསོ་འགན་ལེན་གྱི་གཞི་གྲངས་ལ་བསྡུར་བ། དཔྱད་གཞི་ཡིག་རིགས་བསྡུ་ལེན་དང་གཞི་གྲངས་ཀྱི་ཆ་འཕྲིན་དུས་ཐོག་རྗེས་རེས་མཉམ་སྤྱོད་བྱས་ནས་གཞི་གྲངས་གནད་འཁེལ་ཐུབ་པ་བྱ་རྒྱུ་རེད།
        འབད་བརྩོན་བྱས་ཕྱིར་རང་ཁུལ་གྱིས་དཀའ་ངལ་ཡོད་པའི་མང་ཚོགས་ལ་ཚབ་འཇལ་བྱས་པའི་གྲོང་གསེབ་ཡུལ་དམངས་ཀྱི་རྒན་གསོ་འགན་ལེན་མི་གྲངས155057ལ་སླེབས་པ། མིག་སྔར་སྤྱི་ཚོགས་འགན་ལེན་དབུལ་སྐྱོར་ཚབ་འཇལ་མི་གྲངས145595ལ་གྲུབ་པ་དང་ཚབ་འཇལ་མ་དངུལ་སྒོར་ཁྲི1455.95ལ་སླེབས་པས། དུས་ཚོད་དང་ལས་ཀ་མཉམ་སྤེལ་ཐུབ་ནས་ཚབ་འཇལ་གྱི་ཆ་རྐྱེན་འཛོམས་པའི་དབུལ་ཕོངས་མང་ཚོགས་ཚང་མ་འགན་ལེན་ཐུབ་པར་ཁག་ཐེག་ཐུབ་ཡོད་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1