གཙོ་ངོས།>> འཕྲོད་བསྟེན།>>བདེ་ཐང་ཤེས་བྱ།

རྩོམ་སྒྲིག་པ།ཡོང་ཁུངས།བོད་ལྗོངས་ཉིན་ཚགས། སྤེལ་དུས། ༢༠༡༨ལོའི་ཟླ་བ་༠༩ཚེས་༢༥ཉིན།

༄༅།། མིག་ཤེད་གསོ་བའི་ཐབས་ཤེས་འདི་ངོ་མ་ཡག་པོ་འདུག

        གློག་ཀླད་རྟག་ཏུ་སྤྱོད་པ་དང་། ཁ་པར་མང་པོ་ལྟ་བ། བརྙན་འཕྲིན་ཐག་ཉེ་པོ་ནས་ལྟ་བ་སོགས་ལས། ང་ཚོའི་མིག་ཤེད་སྐྱོ་རུ་འགྲོ་ཡི་ཡོད། མིག་ཤེད་ཉམས་མཁན་ལ་ཆ་མཚོན་ན། ཅ་དངོས་རབ་རིབ་ལས་མ་མཐོང་ཚེ་སེམས་སྦུག་དོག་ཏུ་འགྲོ་བ་དང་། རྟག་ཏུ་མིག་ཤེལ་བརྒྱབ་ནས་ལས་ཀ་དང་ལུས་སྦྱོང་སོགས་བྱས་ཚེ་སྟབས་བདེ་པོ་མེད་པ་སྨོས་མེད་རེད། དེས་ན། ང་ཚོས་རྣམ་ཀུན་ནས་མིག་ཟུང་ལ་གཅེས་སྤྲས་དང་མིག་ཤེད་ཉམས་རྒྱུར་སྔོན་འགོག་བྱེད་པ་སོགས་འབྲེལ་ཡོད་ཀྱི་ཤེས་བྱར་དོ་སྣང་ཅིས་ནས་ཀྱང་བྱེད་དགོས།

        གཤམ་གྱི་མིག་ཤེད་གསོ་སྟངས་ཀྱི་འགུལ་རིས་ཀྱིས་མིག་ན་བ་དང་རྒྱང་སྒྲིབ་ཕོག་རྒྱུ་སོགས་ལ་སྔོན་འགོག་བྱེད་ཐུབ་ལ། མིག་ཤེལ་ཏུའུ་500མན་རྒྱག་མཁན་ཚོའི་མིག་ཤེད་གསོ་བར་ཕན་པ་ངེས་ཅན་ལྡན་པས། ལས་ཀའི་ཞོར་རམ་ཡང་ན་དགོང་མོ་མ་ཉལ་གོང་ལ་ཐེངས་འགའ་རྩེ་ན་ཧ་ཅང་ཡག་པོ་ཡོད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1