སྡེ་དགེའི་དངོས་མིན་རིག་གནས་ཤུལ་བཞག་ཞིང་ལས་འགྲེམས་ཚོགས་སྟེང་འགྲེམས་སྟོན་བྱས་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 09-26


     ཟླ་9ཚེས་23ཉིན། སི་ཁྲོན་ཞིང་ཆེན་ཞིང་ལས་འགྲེམས་ཚོགས་སྟེང་གི"དྭངས་གཙང་གི་དཀར་མཛེས"ཞེས་པའི་འགྲེམས་སྟོན་ཁང་དུ་གྲངས་ཀྱིས་མི་ལངས་པའི་མི་ཚོགས་འདུས་ཡོད། དེའི་ནང་ཞིང་ལས་ཐོན་རྫས་རིགས་སྣ་ཚོགས་ཕུད། རྒྱལ་ཁབ་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་པའི་ངོ་མཚར་འགྲེམས་སྟོན་གྱིས་མི་མང་པོ་ལྟད་མོར་བཀུག་ཡོད།

     ཤེས་རྟོགས་བྱུང་བར་གཞིགས་ན། སྡེ་དགེ་རྫོང་ནི་ཐེངས་འདིའི་ཞིང་ལས་འགྲེམས་ཚོགས་ཀྱི་བརྗོད་བྱ་གཙོ་བོའི་རྫོང་ཡིན་པའི་ཆ་ནས།  "དྭངས་གཙང་གི་དཀར་མཛེས་དང་དགེ་བའི་ཞིང་ཁམས་སྡེ་དགེ"ཞེས་པ་བརྗོད་གཞིར་བཟུང་ནས། རྫོང་འདིའི་ཞིང་ལས་ཡུལ་སྐོར་ཁེ་ལས་8དང་དེ་བཞིན་དུ་སྡེ་དགེ་རྫོང་མཁར་སུམ་མདོ་ཤང་འབར་ཁ་གྲོང་ཚོའི་ཞིང་ལས་ཐོན་རྫས་ལས་སྣོན་མཉམ་ལས་ཁང་སོགས་ཆེད་ལས་མཉམ་ལས་ཁང་9འགྲེམས་སྟོན་ལ་ཞུགས་ཡོད་ཅིང་། ཁྱད་ཆོས་ལྡན་པའི་དྲིལ་སྒྲོག་བྱེད་སྒོ་སྤེལ་བ་ལས་གཞན། ད་དུང་ཞིང་ལས་ཐོན་རྫས་འགྲེམས་ཚོང་དང་། དངོས་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་སོགས་རྣམ་པ་འདྲ་མིན་སྣ་ཚོགས་བརྒྱུད་ནས་ཡུལ་དེ་གའི་དབུལ་སྐྱོར་ཐོན་ལས་འཕེལ་རྒྱས་ཀྱི་འབྲས་བུ་དང་སྡེ་དགེའི་རིག་གནས་ཁྱད་ཆོས་འགྲེམས་སྟོན་བྱས་ཡོད། 

    ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་ཞིང་ལས་འགྲེམས་ཚོགས་སུ་དཀར་མཛེས་ཁུལ་གྱི་རྫོང་ཁག་18ཀྱི་ཁེ་ལས་82ཞུགས་ཡོད་ལ། དེའི་ཁྲོད་དུ་སྡེ་དགེ་རྫོང་གིས་ད་དུང་རྣམ་གྲངས་གཙོ་བོའི་མཚམས་སྦྱོར་བྱེད་སྒོ་སྤེལ་ནས། ཚོང་འགུགས་མ་འདྲེན་རྣམ་གྲངས་12བཏོན་པ་མ་ཟད་ཡུལ་དངོས་ནས་མིང་རྟགས་འགོད་པའི་བྱེད་སྒོ་སྤེལ་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1