བོད་ལྗོངས་ཀྱི་གནམ་རིག་སྐར་རྩིས་རིག་གཞུང་སློབ་ཚོགས་ཀྱི་བགྲོ་གླེང་ཚོགས་འདུ་ལྷ་སར་སྤེལ་བ།

རྩོམ་སྒྲིག་པ།ཡོང་ཁུངས། མི་དམངས་དྲ་བ། སྤེལ་དུས། 09-27


     ཉེ་ཆར། བོད་ལྗོངས་སྨན་རྩིས་ཁང་གི་གནམ་དཔྱད་སྐར་རྩིས་ཞིབ་འཇུག་ཁང་གིས"བོད་ལྗོངས་ཀྱི་གནམ་རིག་སྐར་རྩིས་རིག་གཞུང་སློབ་ཚོགས་ཀྱི་སྐབས་ལྔ་པའི་ཚོགས་མིའི་འཐུས་ཚོགས་ཀྱི་ཚོགས་འདུ་ཐེངས་དང་པོ་དང་རིག་གཞུང་བགྲོ་གླེང་ཚོགས་འདུ"ལྷ་སར་འཚོགས་པ་དང་། རིགས་གཅིག་མཁས་པ་དང་མཁས་དབང་50ལྷག་ཚོགས་འདུར་ཞུགས་ཡོད།
     ཐེངས་འདིའི་བགྲོ་གླེང་ཚོགས་འདུའི་ཐོག  རིགས་གཅིག་མཁས་ཅན་དང་མཁས་དབང་ཚོས་བོད་ཀྱི་གནམ་རིག་སྐར་རྩིས་རིག་པའི་རྒྱུ་སྐར་ལྔ་ཡི་འགུལ་སྐྱོད་འདེད་རྩིས་དང་། ཟླ་ལྷག་དང་ཚེས་གཉིས་བརྩེགས། ཚེས་ཆད་སོགས་སྒྲིག་བཀོད། ཉི་འཛིན་དང་ཟླ་འཛིན་གྱི་སྔོན་བརྡ། ལོ་རྩིས་ཀྱི་སྒྲིག་བཟོ་སོགས་ཀྱི་ནང་དོན་སྐོར་དང་། གནམ་རིག་སྐར་རྩིས་ཀྱི་རིགས་པའི་གཞུང་ལུགས་ལས་ས་གནས་སོ་སོའི་ཞིང་ལས་ཀྱི་དུས་ཚོད་དང་། སྐྱེ་དངོས་ཀྱི་དུས་འཁོར།  དུས་ཚིགས།   མིའི་ལུས་ཀྱི་རྩ་འཁོར་རྒྱུག་གི་འགྱུར་ལྡོག་དུས་ཡུན། ལྷག་པར་དུ་གནམ་གཤིགས་འབྲིང་རིང་འཐུང་གསུམ་གྱི་སྔོན་བརྡ་སོགས་ཀྱི་གྲོས་གཞི་བཅས་ལ་ཁྱབ་རྒྱ་ཆེ་བའི་བགྲོ་གླེང་བྱས་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1