བོད་ལྗོངས་སྤུ་ཧྲེང་དུ"གད་སྙིགས་དངུལ་ཁང"གིས་མཐོ་སྒང་གི་ལྗོངས་ཁུལ་ཁོར་ཡུག་སྲུང་སྐྱོང་གི་དཀའ་གནད་སེལ་བ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 09-28


           གད་སྙིགས་ཁུག་མ1གིས་བྲང་འདོགས་བྱང་བུ1བརྗེ་ཆོག་པ་དང་། ཁུག་མ2ཀྱིས་ལྡེ་མིག་འདོགས་ས1བརྗེ་ཐུབ་པ། ཕྱིར་བསྡུ་རུང་བའི་གད་སྙིགས་ཁུག་མ1གིས་གཙང་ཤོག་1གམ་གཙང་ཤོག་བརླན་པ་1བརྗེ་ཆོག   ཉེ་ཆར། གསར་འགོད་པས་བོད་ལྗོངས་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་བར་ག་ཤང་གི་གནས་རི་དང་གནས་མཚོའི་མཛེས་ལྗོངས་ཁུལ་ནས་མཐོང་གསལ། ཡུལ་སྐོར་བ་ཁ་ཤས་ཀྱིས་ཁོར་ཡུག་སྲུང་སྐྱོང་གི་ཁུག་མ་བླངས་རྗེས་ལྗོངས་ཁུལ་ནང་གི་གད་སྙིགས་སྒྲུག་རྗེས། བོད་ལྗོངས་ཀྱི་ཁྱད་ཆོས་ལྡན་པའི་དྲན་བརྟེན་དངོས་པོ་བརྗེ་བ་དང་། འདི་ཚོ་ཚང་མ། ས་གནས་དེ་གར་བཙུགས་པའི"གད་སྙིགས་དངུལ་ཁང"ལས་ཕན་པ་ཐོབ་པ་ཞིག་རེད། ད་ལོའི་ཟླ6པར། བར་ག་ཤང་གི་གནས་རི་དང་གནས་མཚོའི་ལྗོངས་ཁུལ་དུ"གད་སྙིགས་དངུལ་ཁང"བཙུགས་ནས་། ཡུལ་སྐོར་བ་དང་མི་ཚོགས་ལ་གད་སྙིགས་སྒྲུག་ནས་བྱ་དགའ་བརྗེ་རྒྱུའི་སྐུལ་འདེད་བཏང་བས།  ལྗོངས་ཁུལ་གྱི་གད་སྙིགས་འདུ་སྐྱེལ་གྱི་དཀའ་གནད་སེལ་ནས་ཕན་འབྲས་བཟང་པོ་ཐོན་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1