གནད་སྨིན་དབུལ་སྐྱོར་གྱི་འགག་རྩ“གནད་སྨིན”ལ་ཐུག་ཡོད།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 09-29


        དབུལ་ཕོངས་མེད་པ་བཟོ་བ་དང་དམངས་འཚོ་ལེགས་སུ་གཏོང་རྒྱུ་ནི་རང་རེའི་ཏང་གི་ལས་འགན་གལ་ཆེན་ཡིན་ལ། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་མཚོན་པའི་དམིགས་ཚད་གལ་ཆེན་ཞིག་དེ་བས་ཀྱང་ཡིན། མི་འབོར་དབུལ་པོ་དང་ས་ཁུལ་དབུལ་པོ་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སུ་སླེབས་པ་བྱ་རྒྱུ་ནི་རང་རེའི་ཏང་གི་རྔམ་བརྗིད་ལྡན་པའི་ཁས་ལེན་ཡིན། འོན་ཀྱང་རང་ལྗོངས་འདི་ཉིད་རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་གཅིག་སྡུད་ཡུག་འབྲེལ་གྱི་དབུལ་ཕོངས་ས་ཁུལ་འབའ་ཞིག་ཡིན་པའི་ངོས་ནས། དབུལ་ཕོངས་ཆགས་པའི་རྒྱུ་རྐྱེན་རྙོག་འཛིང་ཆེ་ལ། དབུལ་པོའི་གྲངས་འབོར་མང་བ་དང་དབུལ་ཕོངས་ཀྱི་ཚད་རིམ་ཟབ་པ་སོགས་ཀྱི་གནད་དོན་གྱིས་རང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་འགྲན་སློང་ཆེན་པོ་འཕྲད་ཡོད། གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་མཐའ་འཁྱོངས་བྱས་ནས་དབུལ་སྐྱོར་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། དབུལ་སྐྱོར་བྱེད་ཐབས་གསར་གཏོད་བྱ་རྒྱུ་ནི་དེང་སྐབས་རང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་གྱི་སྤྱིའི་ཁ་ཕྱོགས་ཡིན། ས་ཁོངས་རང་བཞིན་གྱི་སྤྱིའི་དབུལ་ཕོངས་མེད་པར་བཟོ་བར་དབུལ་པོ་ངོ་མ་དབུལ་སྒྲོལ་དང་དངོས་འབྲེལ་དབུལ་སྒྲོལ་ཐུབ་པ་བྱེད་དགོས་ཤིང་། ངེས་པར་དུ་སྔར་བས་ཆེ་བའི་ཆོད་སེམས་དང་སྔར་བས་ཁ་གསལ་བའི་བསམ་ཕྱོགས་ལ་བརྟེན་ནས་གནད་སྨིན་དབུལ་སྐྱོར་ཞེས་པའི་ཁ་ཕྱོགས་ཆེན་པོའི་ཐོག་དོན་འཁྱོལ་བྱེད་དགོས་པ་དང་། འགག་རྩ་ནི“གནད་སྨིན”ཞེས་པའི་ཡིག་འབྲུ་གཉིས་པོར་ཐུག་ཡོད།
        ཐོག་མར་དབུལ་པོའི་གནས་ཚུལ་ཁོང་དུ་ཆུད་རྒྱུ་གནད་སྨིན་ཡོང་བ་བྱེད་དགོས། གནད་སྨིན་དབུལ་སྒྲོལ་ཐད་ཐོག་མར་མི་འབོར་དབུལ་པོའི་གནས་ཚུལ་ཞིབ་ཕྲ་ཁོང་དུ་ཡང་དག་ཆུད་དགོས་པ་སྟེ། དཔེར་ན་དབུལ་ཕོངས་ཚད་རིམ་གང་འདྲ་ཡིན་པ་དང་། དབུལ་པོ་ཆགས་པའི་རྒྱུ་རྐྱེན་གང་ན་ཡོད་པ། ཁྱིམ་ཚང་དབུལ་པོར་མི་མངོན་པའི་ནུས་པ་ག་རེ་ཡོད་པ། དུད་ཚང་དབུལ་པོར་འདོད་འདུན་ག་རེ་ཡོད་པ་བཅས་ལྟ་བུ་རེད། མི་འབོར་དབུལ་པོའི་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་གསལ་པོ་དང་ཁོང་དུ་ཆུད་ཚེ། གཞི་ནས་ང་ཚོའི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་གྱི་ཁ་ཕྱོགས་ཆེན་པོའི་ཐད་ནོར་འཁྲུལ་མི་ཡོང་བའི་འགན་ལེན་བྱེད་ཐུབ།
        གཉིས་ནས་ཞིབ་ཕྲའི་བྱ་ཐབས་གནད་སྨིན་ཡོང་བ་བྱེད་དགོས། གནད་སྨིན་དབུལ་སྐྱོར་གྱི་སྐོར་ལ་ཏང་དང་སྲིད་གཞུང་གིས“ཁག་གཅིག་རེ་ལྔའི”འདུ་འགོད་བཏོན་པ་སྟེ། ཐོན་སྐྱེད་གོང་འཕེལ་བཏང་ནས་ཁག་གཅིག་དབུལ་སྒྲོལ་ཡོང་བ་དང་། ཡུལ་གཞན་དུ་གནས་སྤོས་བྱས་ནས་ཁག་གཅིག་དབུལ་སྒྲོལ་ཡོང་བ། སྣོད་བཅུད་ཁ་གསབ་བྱས་ནས་ཁག་གཅིག་དབུལ་སྒྲོལ་ཡོང་བ། སློབ་གསོ་གོང་འཕེལ་བཏང་ནས་ཁག་གཅིག་དབུལ་སྒྲོལ་ཡོང་བ། སྤྱི་ཚོགས་འགན་ལེན་བྱས་ནས་ཁག་གཅིག་དབུལ་སྒྲོལ་ཡོང་བ་བཅས་ཡིན། སྲིད་ཇུས་དེས་རང་ལྗོངས་ཀྱི་གནད་སྨིན་དབུལ་སྒྲོལ་གྱི་ལས་དོན་ལ་ཁ་ཕྱོགས་དང་་ཞིབ་ཕྲའི་ལམ་ཕྱོགས་གསལ་སྟོན་བྱས་ཡོད་མོད། འོན་ཀྱང་རང་ལྗོངས་ཀྱི་མང་ཚོཌ་དབུལ་པོའི་དབུལ་པོ་ཆཌ་པའི་རྒྱུ་རྐྱེན་རྙོག་འཛིང་ཆེ་བ་དང་ས་གནས་ཁག་གི་ཞིབ་ཕྲའི་གནས་ཚུལ་མི་འདྲ་བས། ཞིབ་ཕྲའི་སྲིད་ཇུས་ལག་བསྟར་བྱེད་རིང་ད་དུང་ཁྱད་པར་ཡོད་དགོས་ལ་གཙོ་ཕལ་ཡང་ཡོད་དགོས།
        དབུལ་སྒྲོལ་གྱི་ངེས་གནས་གནད་སྨིན་ཡོང་བར་བྱེད་དགོས། དབུལ་སྐྱོར་དེ་ཚད་རིམ་གང་འདྲ་ཞིག་ཏུ་སླེབས་ན་དབུལ་སྒྲོལ་ཐུབ་པར་བརྩི་རྒྱུ་ནི་རང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ནང་ཁ་གསལ་བཟོ་དགོས་པའི་གནད་དོན་གྲས་ཤིག་ཀྱང་ཡིན། རང་རྒྱལ་ནི་སྤྱི་ཚོཌ་རིང་ལུཌ་ཀྱི་ཐོག་མའི་དུས་རིམ་དུ་སྔར་བཞིན་གནས་ཡོད་པ་མ་ཟད། དུས་ཡུན་རིང་པོར་གནས་རྒྱུ་རེད། རང་ལྗོངས་ཀྱི་དཔལ་འབྱོར་གོང་འཕེལ་དང་ནོར་ཤུགས་གནས་བབ་ལ་ཚད་བཀག་ཡོད་པར་བརྟེན། དབུལ་སྒྲོལ་གྱི་ངེས་གནས་གསལ་པོ་བཟོ་བ་དང་། རང་ལྗོངས་ཀྱི་དཔལ་འབྱོར་གོང་འཕེལ་དང་གནས་ཚུལ་ངོ་མ་གཞིར་བཟུང་། དབུལ་སྒྲོལ་ཚད་གཞི་ལུགས་མཐུན་བཟོ་དགོས།
        དབུལ་སྒྲོལ་འགག་སྒྲོལ་དང་གནད་སྨིན་དབུལ་སྐྱོར་ནི་ཇུས་བཟང་ཞིག་ཡིན། གནད་སྨིན་དབུལ་སྐྱོར་གྱི་གཙོ་བོ་ནི་གནད་སྨིན་ཡིན་ལ། གལ་ཆེ་སའང་གནད་སྨིན་ལ་རག་ལས། རང་ལྗོངས་ཀྱི་གནས་ཚུལ་ངོ་མར་གཞིགས་པ་དང་ཞིབ་ཕྲའི་དབུལ་པོའི་གནས་ཚུལ་གཞིར་བཟུང་། དུད་ཁྱིམ་དང་མི་ལ་བསྟུན་ནས་ཇུས་བསྟར་དང་། དབུལ་སྒྲོལ་གྱི་ངེས་གནས་གསལ་པོ་བཟོ་བ་དང་། དངོས་འཛིན་དངོས་སྒྲུབ་བྱས་ན། གཞི་ནས་རང་ལྗོངས་ཀྱི་དབུལ་སྒྲོལ་ལས་དོན་ངལ་བ་ཆུང་ལ་གྲུབ་འབྲས་ཆེན་པོ་ཐོབ་ནས། རང་ལྗོངས་ཀྱི་མི་རིཌ་ཁག་གི་མང་ཚོགས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་པར་སྣེ་ཁྲིད་བྱེད་ཐུབ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1