གཙོ་ངོས།>> ཆེད་བསྒྲིགས།>>གླང་ཆེན་འགྱིང་རི།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༤ལོའི་ཟླ་བ་༠༩ཚེས་༠༩ཉིན།

ལཱོ་ཧྥུང་ལྷ་ཁང་།

        ལཱོ་ཧྥུང་ལྷ་ཁང་ལ་རྒྱ་སྐད་དུ་ལཱོ་ཧྥུང་ཨན་ཞེས། ཨན་庵ཞེས་ན་སྒྲུབ་མཁན་གང་རུང་བཞུགས་སའི་ཁང་བུ་ལ་གོ ཐོག་མ་རྩྭ་ཡི་སྤྱིལ་བུ་ལྟ་བུ་རིམ་པར་ལྷ་ཁང་ཆུང་ངུ་ཡོད་པའི་རྣམ་པ་ཞིག་ཡིན། ལཱོ་ཧྥུང་ལྷ་ཁང་འདི་ལཱོ་ཧྥུང་ཅེས་པའི་ལ་སྒང་ཞིག་ཏུ་ཆགས་པས་ན་མིང་འདི་ལྟར་ཐོགས། ལཱོ་ཧྥུང་ལ་སྒང་དེ་སྟག་འདུལ་དགོན་དང་ཉེ་བའི་གཡས་ཟུར་མཚམས་སུ་ཡོད། ལ་སྒང་འདི་ཆེས་མཐོན་པོ་མེད་ཀྱང་ཕྱི་ཁོར་ཡུག་མཛེས་ལ་ཆོས་མགྲོན་རྣམས་ཡིད་དབང་འཕྲོག་ཐུབ་པའི་ནུས་པ་ལྡན། ལ་སྒང་ཡོངས་སུ་ཚང་ཚིང་ཤིང་ནགས་ཀྱིས་བཏུམས་ཤིང༌། དུས་བཞི་མེད་པར་སྤྲིན་དང་སྨུག་པ་བསང་དུད་འཕུལ་འདྲའི་ཀུན་ནས་གཡོ། ནམ་རྒྱུན་དབྱར་སྟོན་གཉིས་ཀྱི་མཚམས་སུ་མཐོ་ཚ་ཟེར་དཀྱིལ་འཁོར་དགོང་ནས་ཤར། སྤྲིན་ལང་ལོང་ཅན་དེ་ཐོད་དུ་ཡོང་དུས་ལཱོ་ཧྥུང་སྒང་གི་སྨུག་སྤྲིན་དེའང་ཇེ་ཆེ་དང་ཇེ་རྒྱས་ཀྱིས་དགོང་དུ་གཡོ་བའི་ཆུ་འཛིན་གཉིས་ལག་སྦྲེལ་ལྟར་གཞི་གཅིག་ཏུ་ཆགས། འདི་ནི་སྐད་གྲགས་ཡོད་པའི་འགྱིང་རི་མཛེས་ལྡན་བཅུ་ཡི་ནང་གསེས་གཅིག་ཀྱང་ཡིན། 
        ལཱོ་ཧྥུང་ལྷ་ཁང་འདི་སྟག་འདུལ་དགོན་གྱི་སྒྲུབ་ཁང་ཞིག་ཡིན། ལྷ་ཁང་ནང་སངས་རྒྱས་འོད་དཔག་མེད་ཀྱི་སྐུ་ཞིག གཡས་གཡོན་དུ་འཕགས་མཆོག་སྤྱན་རས་གཟིགས་དང་རྒྱལ་སྲས་མཐུ་ཆེན་ཐོབ། འདི་ལ་ནུབ་ཀྱི་མགོན་གསུམ་ཞེས་གྲགས། ནམ་ཞིག་ན་བཙུན་པ་རྣམས་སྐུ་འདས་རྗེས་ལཱོ་ཧྥུང་ཨན་གྱི་རྒྱབ་ཏུ་སྐུ་ཕུང་བཞུ་འབུལ་དང་སྐུ་ཐལ་འཇོག་གནང་གིས་ཡོད། སྒོ་གཡས་གཡོན་གཉིས་སུ་བཙུན་པ་དབྱར་འབྲས་ཀྱི་ཚིག་ཕྲེང་གཉིས་བཀོད་ཡོད། ནང་དོན་ལ། མྱང་འདས་ཀྱི་བདེ་བ་དེ་གནས་འདི་རུ་ཁ་བསྒྱུར་ཏེ་ཕ་རོལ་གཤེགས། སྐྱེ་འཆི་ཡི་འཁོར་བ་ནང་རྟོགས་ཐུབ་ན་ཕྱོགས་ཐམས་ཅད་གྲོལ་བའི་གནས། སྤྱི་ལོ་༡༦༧༢ལོར་ཆིང་གོང་མ་བདེ་སྐྱིད་ཀྱི་སྐབས་སུ་དཔོན་ཅང་ཁྲོབ་蒋超ཟེར་མཁན་ཞིག་བདེ་ཐང་གི་མ་ནུས་པ་དཔོན་ལས་དགོངས་ཞུས་ཀྱི་གནས་འདིར་ཡོང་སྟེ་ལཱོ་ཧྥུང་ཨན་དུ་བཞུགས་མྱོང་ཡོད། ཁོང་ནས་ལུས་ཕུང་གི་ན་ཚ་ལ་མ་བལྟོས་པ་སྐུ་ངལ་འབད་འབུངས་ཀྱིས་གླང་ཆེན་འགྱིང་རིའི་གནས་ཡིག་ཞིག་བརྩམས། རྗེས་སོར་ཆིང་གོང་མ་ཀོན་ཞུ་ནས་གནས་ཡིག་འདི་མཇལ་བ་དང་འགྱིང་རིའི་ངོ་མཚར་ལ་ཡིད་མགུ་སྟེ་སྤྱི་ལོ་༡༨༨༧ནང་ཅཱ་ཀྲུའུ་ལོ་ཧྲན་དཔོན་ལ་བཀའ་འབེབས་ཏེ་འགྱིང་རི་ཡོངས་རི་མོར་ཕབས། སྤྱི་ལོ་༡༩༣༤ནང་རི་མོའི་གནས་ཡིག་དེ་དབྱིན་ཡིག་ཏུ་བསྒྱུར་ཏེ་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་བཀྲམ།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1