ཞི་ཅིན་ཕིང་གིས་ལིའོ་ཉིང་དུ་རྟོག་ཞིབ་གནང་བ།

རྩོམ་སྒྲིག་པ།ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 09-28


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9པའི་ཚེས27ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་རླངས་འཁོར་དུ་བསྡད་དེ་ཀྲུང་གོའི་རྡོ་སྣུམ་ལིའོ་དབྱང་རྡོ་སྣུམ་རྫས་འགྱུར་བཟོ་ལས་ཀུང་སིར་འབྱོར་ནས་ལིའོ་ཉིང་ཞིང་ཆེན་དུ་རྟོག་ཞིབ་བྱེད་འགོ་བརྩམས། འདི་ནི་ཞི་ཅིན་ཕིང་གིས་བྱང་ཤར་ལ་རྟོག་ཞིབ་གནང་བའི་ས་ཚུགས་གསུམ་པ་ཡིན།  དེར་སྔོན། ཁོས་སྔ་རྗེས་སུ་ཧེ་ལུང་ཅང་ཞིང་ཆེན་གྱི་ཞིང་ལས་རྨོ་འདེབས་འཛུགས་སྐྲུན་གྱི་གཙང་གསུམ་དོ་དམ་ཅུའུ་དང་ཆི་ཆི་ཧ་ཨར་གྲོང་ཁྱེར། ཅི་ལིན་ཞིང་ཆེན་སུང་ཡོན་གྲོང་ཁྱེར་བཅས་སུ་རྟོག་ཞིབ་བྱས་མཐར། ཚེས26ཉིན་གྱི་དགོང་མོ་ལིའོ་ཉིང་ཞིང་ཆེན་དུ་འབྱོར།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1