སྐྱེ་ཁམས་ཁོར་ཡུག་ཇེ་བཟང་དུ་བཏང་བ་དང་བསྟུན་ནས་ཨ་ཆེན་གངས་རྒྱབ་ཀྱི་རི་སྐྱེས་སྲོག་ཆགས་ཇེ་མང་དུ་འགྲོ་བཞིན་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-10


          སྐྱེ་ཁམས་ཁོར་ཡུག་ཇེ་བཟང་དུ་བཏང་བ་དང་རི་དྭགས་རྔོན་པར་ཆད་པ་གཏོང་བའི་བྱ་བ་རྒྱུན་སྲིང་ངང་སྤེལ་བ་དང་བསྟུན་ནས། ཨ་ཆེན་གངས་རྒྱབ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་རི་སྐྱེས་སྲོག་ཆགས་སྣ་ཚོགས་ཀྱི་ཁ་གྲངས་མངོན་གསལ་གྱིས་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། ནང་སྒོས་སུ་གཙོད་ཀྱི་ཁ་གྲངས་ཇེ་མང་དུ་སོང་ནས་ཕལ་ཆེར་ཁྲི་6ལྷག་ཏུ་སླེབས།
              རང་རྒྱལ་གྱི་ཆེས་ཆེ་བའི་མི་མེད་ས་སྟོང་གི་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་བྱེད་ཆེད། ཨ་ཆེན་གངས་རྒྱབ་སྲུང་སྐྱོབ་ས་ཁུལ་དོ་དམ་ཅུས་ཀྱིས་ལོ་རེར་སྐོར་སྐྱོད་རུ་ཁག་རྩ་འཛུགས་བྱས་ནས་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་45000ཡོད་པའི་ཁྱབ་ཁོངས་ནང་དུ་དྲག་ཆས་སྐོར་སྲུང་བྱ་སྤྱོད་ཐེངས་མང་པོ་སྤེལ། 2008ལོ་ནས་མགོ་བཟུང་སྟེ། ཨ་ཆེན་གངས་རྒྱབ་མངའ་ཁོངས་ནས་རི་དྭགས་རྔོན་པའི་དོན་དག་གཅིག་ཀྱང་མ་བྱུང་ཟེར།
               སྐོར་སྐྱོར་བྱ་སྤྱོད་སྤེལ་སྐབས། སྲུང་སྐྱོབ་རུ་ཁག་གིས་སྔོན་ཆད་མཐོང་དཀོན་པའི་གཙོད་དང་། འབྲོང་། རྐྱང་། དགོ་སོགས་རི་སྐྱེས་སྲོག་ཆགས་སྣ་ཚོགས་ཁྱུ་ཁྱུ་བྱས་ནས་རྩྭ་ཟ་བཞིན་པ་དུས་རྒྱུན་དུ་མཐོང་ཐུབ་ཟེར། འབྲེལ་ཡོད་སྡེ་ཁག་དང་ཨ་ཆེན་གངས་རྒྱབ་སྲུང་སྐྱོབ་ས་ཁུལ་དོ་དམ་ཅུའུ་སོགས་སྡེ་ཁག་གིས་ལྟ་ཞིབ་སྡོམ་རྩིས་བྱས་པ་ལྟར་ན། ཨ་ཆེན་གངས་རྒྱབ་སྲུང་སྐྱོབ་ས་ཁུལ་མངའ་ཁོངས་དང་དེའི་མཐའ་འཁོར་ས་ཁུལ་གྱི་གཙོད་ཀྱི་ཁ་གྲངས་ཁྲི་6ཏུ་བསླེབས་པ་དང་། ལོ་རབས་དགུ་བཅུ་བའི་སྐབས་ཀྱི་རི་དྭགས་རྔོན་མཁན་མང་སྐབས་ཀྱི་གཙོད་ཁྲི་གཉིས་ནས་ད་ལྟའི་ཁྲི་4ལྷག་ཏུ་ཇེ་མང་དུ་སོང་ཡོད།  །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1