གཙོ་ངོས།>> འཕྲོད་བསྟེན།>>བདེ་ཐང་ཤེས་བྱ།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༡༨ལོའི་ཟླ་བ་༡༠ཚེས་༠༩ཉིན།

༄༅། ། བདེ་ཐང་གི་འཚོ་བའི་གོམས་སྲོལ་བཅུ།

        གཅིག ཤ་ཉུང་བཟའ་བྱེད་པ།རྒྱུན་དུ་ཤ་མང་པོ་ཟོས་ན་ཁྲག་གི་འབྱར་ཚད་ཇེ་མཐོར་འགྲོ་བ།
        གཉིས། ཉི་མར་ལྡེས་པ། ཉི་འོད་ཀྱིས་འཚོ་རྒྱུDསྡུད་ལེན་བྱེད་པར་སྐུལ་འདེད་གཏོང་ཐུབ།
        གསུམ། ཆར་བས་བརླན་པ།ཆར་ཟིམ་འབབ་པའི་སྐབས་སུ་གྱེས་རྡུལ་མང་པོ་འབྱུང་བས།“མཁའ་རླུང་ཁྲོད་ཀྱི་འཚོ་རྒྱུ”ལོངས་སྤྱོད་བྱེད་ཐུབ།
        བཞི། གླུ་དབྱངས་ལེན་པ།གླུ་དབྱངས་ལེན་པ་ནི་གསོ་རླུང་ལུས་སྦྱོང་བྱེད་ཐབས་གལ་ཆེན་ཞིག་ཡིན་ཏེ།དེས་གནོན་ཤུགས་ཇེ་ཡང་དུ་གཏོང་བར་མ་ཟད།གློ་དབུགས་ཤོང་ཚད་ཀྱང་ཇེ་མཐོར་གཏོང་ཐུབ།
        ལྔ། ཟོས་རྗེས་ངལ་གསོ་བ།ཟ་མ་ཟོས་རྗེས་ངལ་གསོ་ཅུང་ཙམ་བྱེད་པ་དང་།དེ་ནས་ད་གཟོད་འཆམ་འཆམ་དུ་སོང་ན་བདེ་ཐང་ལ་ཧ་ཅང་ཕན།
        དྲུག མགོ་བོ་དགྱེ་ནས་འགྲོ་བ།མགོ་བོ་དགྱེ་ནས་སོང་ན་མི་ལ་གཤིས་ཉམས་ཡོད་པར་མ་ཟད།སྒལ་ཚིགས་ཀྱི་ཁུར་བོ་ཇེ་ཡང་དུ་གཏོང་ཐུབ།
        བདུན།འཇགས་སྡོད་བྱེད་པ།ལྷིང་འཇགས་ངང་བསྡད་ན་དབང་རྩའི་མགོ་ན་སེལ་ཐུབ་པར་མ་ཟད།ཁྲག་ཤེད་ཇེ་དམའ་རུ་གཏོང་བར་ཕན།
        བརྒྱད། རྐང་ཐང་དུ་འགྲོ་བ།རྐང་ཐང་ལ་སོང་ན་རུས་པའི་སྟུག་ཚད་དང་རུས་པ་ཇེ་སྲར་གཏོང་བ་དང་།རུས་པའི་མཉེན་ཚད་དང་དོ་མཉམ་ནུས་པ་ཇེ་དྲག་ཏུ་གཏོང་བ།
        དགུ། དོན་བཟང་སྒྲུབ་པ།དོན་བཟང་སྒྲུབ་ན་སེམས་ཁམས་ཇེ་སྐྱིད་དུ་ཡོང་བར་ཕན།
        བཅུ། དུས་བཅད་ལྟར་ནད་ལ་བརྟག་པ།དུས་བཅད་ལྟར་ནད་ལ་བརྟགས་ཏེ།སྔ་མོ་ནས་སྔོན་འགོག་དང་སྔ་མོ་ནས་ཤེས་པ།སྔ་མོ་ནས་གསོ་བཅོས་བྱས་ན་བཟང་ངོ་། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1